ཞི་ཅིན་ཕིང་ཨན་ཧུའུ་རུ་ཕེབས་ཏེ་ལས་ཀར་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-28


  སྤྱི་ཟླ་4པའི་ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཨན་ཧུའུ་རུ་ཕེབས་ཏེ་ལས་ཀར་རྟོག་ཞིབ་གནང་སྐབས། ཁོང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱས་ཡོད་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ལག་ལེན་ལ་བཏོན་པའི་རེ་བ་གསར་པ་དང་མི་དམངས་ཀྱི་འདོད་བློ། སྤྱི་ཚོགས་ཀྱི་རེ་སྙེག་བཅས་མཚོན་ཡོད། དེ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱུང་བའི་དུས་རིམ་གྱི་འགུལ་སྐྱོད་ཁ་ཕྱོགས་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལྟར་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་ཟབ་སྤེལ་བྱས་ཏེ། རང་སྟེང་གི་ཁྱད་ཆོས་ལ་རྐང་ཚུགས་པ་དང་བཅོས་སྒྱུར་གསར་གཏོད་ལ་ཤུགས་སྣོན། འབད་པ་ཆེན་པོས་བགྲོད་ལམ་གསར་པ་ཞིག་བཏོད་དེ་ཧུར་ཐག་གིས་དཔལ་འབྱོར་སྤྱི་ཚོགས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1