ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་དབུལ་ཕོངས་ཕྱིར་འཐེན་ལམ་སྲོལ་འཛུགས་པའི་བསམ་འཆར་བཏོན།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-03


           ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་《དབུལ་ཕོངས་ཕྱིར་འཐེན་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར།》པར་འགྲེམ་བྱས་ནས། དྲང་ཕྱོགས་ཀྱི་བསྔགས་སྐུལ་རྒྱུན་འཁྱོངས་བྱེད་པ་གསལ་པོར་བསྟན། དབུལ་ཕོངས་མི་འབོར་དང་དབུལ་ཕོངས་གྲོང་སྡེ། དབུལ་ཕོངས་རྫོང་བཅས་ཕྱིར་འཐེན་བྱས་རྗེས། དུས་ཚོད་ངེས་ཅན་ཞིག་གི་ནང་དུ་རྒྱལ་ཁབ་ཀྱི་སྔར་ཡོད་དབུལ་སྐྱོར་སྲིད་ཇུས་ལ་འགྱུར་བ་མེད་པ་དང་། རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆུང་དུ་མི་གཏོང་བར། ཞི་ལྷོད་ཀྱི་དུས་ཡུན་བཞག་སྟེ། བརྟན་བརླིང་དབུལ་སྒྲོལ་མངོན་འགྱུར་འབྱུང་བར་ཁག་ཐེག་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1