རྔ་བ་ཁུལ་གྱིས་མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་1029སྤྲད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


      ཉེ་ཆར། རྔ་བ་ཁུལ་གྱིས་2016ལོའི་མཐོ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་1029སྤྲད། དེའི་ནང་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་734དང་། ཞིང་ཆེན་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་88། ཁུལ་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་207་འདུས། དེས་མཐོ་འབྲིང་དབུལ་ཕོངས་སློབ་མ་ཁྲི་1.6ལྷག་ལ་ཕན་ཁེ་བསྐྲུན། 
      མཐོ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་གྱི་རོགས་རམ་བྱ་ཡུལ་ནི་དངོས་སུ་ཐོ་འགོད་བྱས་པའི་མཐོ་འབྲིང་དཀྱུས་མའི་སློབ་ཞུགས་སློབ་མའི་ཁྲོད་ཁྱིམ་ཚང་ལ་དཔལ་འབྱོར་ཐད་ཀྱི་དཀའ་ངལ་ཡོད་པའི་སློབ་མ་ཡིན་ལ། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་ཐུན་མོང་གིས་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན་པ་མ་ཟད། བསྡུར་ཚད་ལྟར་བགོས་འགན་ཁུར་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1