ཞི་ཅིན་ཕིང་གིས་ལ་ཝོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་དབྱང་དང་གྲོས་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 05-04


  སྤྱི་ཟླ་5པའི་ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ལ་ཝོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་དབྱང་དང་གྲོས་མོལ་མཛད།
  ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ལ་ཝོ་སོ་ཡིས་འབྲེལ་བ་བཙུགས་ནས་ལོ་འཁོར་55ལོན་པའི་ལོ་ཡིན་ལ། དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། ཀྲུང་གོ་དང་ལ་ཝོ་སིའི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་བརླིང་དང་འཕེལ་རྒྱས་སུ་ཕྱིན། ཕྱོགས་གཉིས་ཀྱིས་ཚད་མཐོ་བའི་ཕན་ཚུན་ལ་ཡིད་ཆེད་དང་ཕན་ཚུན་ལ་རོགས་རམ། ཕན་ཚུན་ལ་ཕན་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པའི་འབྲེལ་བ་བཙུགས་པ་རེད། ཀྲུང་གོའི་ཕྱོགས་ནས་ལ་ཝོ་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏང་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད། ལ་ཝོ་སིའི་ཏང་གི་སྐབས་གསར་པའི་ཀྲུང་དབྱང་མགོ་ཁྲིད་དང་མཉམ་དུ་ཡུན་རིང་བརྟན་བརླིང་དང་ཁྱིམ་མཚེས་མཛའ་མཐུན། ཕན་ཚུན་ཡིད་ཆེས། ཁྱོན་ཡོངས་ཀྱི་མཉམ་ལས་ཐབས་ཇུས་དང་ཁྱིམ་མཚེས་བཟང་པོ། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ་བཅས་ཀྱི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ། སྔར་སྲོལ་རྒྱུན་འཛིན་དང་སྔོན་སྐྱོང་ཕྱི་གཏོད་བྱེད་པ་དང་། ཀྲུང་གོ་དང་ལ་ཝོ་སི་བར་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཡུན་རིང་བརྟན་བརླིང་བདེ་ཐང་ངང་འཕེལ་བར་སྐུལ་འདེད་བཏང་ནས་ནམ་ཡང་འགྱུར་བ་མེད་པའི་ཀྲུང་གོ་དང་ལ་ཝོ་སིའི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་འདོད་ཅེས་བསྟན།
  པན་དབྱང་གིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལ་ཝོ་སི་ཏང་གིས་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་དང་ང་རང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རུ་བདམས་རྗེས་རྟེན་འབྲེལ་ཞུ་འཕྲིན་དང་ཆེད་མངགས་ཕོ་ཉ་ལ་ཝོ་སིར་བཏང་བར་བཀའ་དྲིན་ཆེ་ཞུས་པ་ཡིན། དེ་ནི་ལ་ཝོ་སི་དང་ང་རང་ཉིད་ལ་མཚོན་ན་སྐུལ་མ་དང་རྒྱབ་སྐྱོར་ཆེན་པོ་ཞིག་རེད། ཐེངས་འདིའི་འཚམས་འདྲི་བརྒྱུད་ས་ཝོ་སི་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མཛའ་མཐུན་འགྲོ་འོང་གི་སྲོལ་རྒྱུན་རྒྱུན་འཛུན་དང་དར་སྤེལ་བཏང་བ་ཡིན་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་བར་གྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་ཕྱིན་པར་ཡིད་ཆེས་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1