སྡེ་རོང་རྫོང་ལ་གྲོང་གསེབ་ན་གཞོན་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་མ་བྱུང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-09


     ད་ལོར། སྡེ་རོང་རྫོང་གིས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དང་། སྐབས་དང་པོའི་ཀྲུང་གོ་དཀར་མཛེས་རི་ཁུལ་ཡུལ་སྐོར་དུས་ཆེན། སྐབས་བདུན་པའི་དར་མདོའི་མཛའ་གཞས་དུས་ཆེན་བཅས་དུས་ཆེན་གསུམ་གཅིག་སྒྲུལ་གྱི་གོ་སྐབས་འདི་ལ་བརྟེན་ནས། བྱེད་སྒོ་གལ་ཆེན་གཞིར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ཉི་མ་ལུང་པའི་མང་ཚོགས་རིག་གནས་སྒྱུ་རྩལ་དུས་ཆེན་དང་གྲོང་གསེབ་ཀྱི་གསར་བརྗེ་རིག་གནས་ཡུལ་སྐོར་དུས་ཆེན། གྲོང་ཚོའི་ན་གཞོན་རིག་གནས་སྒྱུ་རྩལ་དུས་ཆེན་ལེགས་པོ་བསྒྲུབས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་དང་སྡེ་རོང་གི་སྣང་བརྙན་མཐོར་འདེགས་སུ་བཏང་ནས། ནུབ་རྒྱུད་ཉི་མ་ལུང་པའི་སྤུས་རྟགས་ཚོང་རྟགས་བསྐྲུན་འབད་པ་བྱས། 
     སྤྱི་ཟླ་5པའི་ཚེས་7ཉིན་ནས་ནས་ཚེས་8ཉིན། སྡེ་རོང་རྫོང་གསལ་གྲགས་ཡུལ་ཤོག་གི་ན་གཞོན་ཚོས་སྡེ་བར་སྐབས་དང་པོའི་གྲོང་ཚོའི་ན་གཞོན་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་རྒྱུ་རེད། དུས་ཡུན་ཉིན་གཉིས་ཀྱི་རིང་གི་སྒྱུ་རྩལ་དུས་ཆེན་དུ་གསོན་ཤུགས་དང་ལང་ཚོ། དཔལ་ཡོན། གསར་གཏོད་ཀྱི་བརྗོད་དོན་གཙོ་དོན་དུ་བཟུང་ནས། ཡུལ་ཤོག་དེའི་མི་རིགས་ཀྱི་ཁྱད་ཆོས་ཆེས་ཆེར་ལྡན་པའི་གླུ་གར་གྱི་ལྟད་མོ་ཕྱོགས་བསྡུས་བྱས་ཡོད་པ་སྟེ། དེའི་ནང་དམངས་ཁྲོད་ཀྱི་གླུ་གར་འགྲན་བསྡུར་དང་རྒྱུད་མང་སྐོར་བྲོ་འཁྲབ་སྟོན། རང་ཡུལ་གྱི་གྱོན་གོས་འཁྲབ་སྟོན་དང་གླུ་ལེན་འགྲན་བསྡུར་སོགས་ཀྱི་འཁྲབ་སྟོན་ནང་དོན་འདུས་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1