ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



       ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་ནི་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོས་བོད་ས་ གནས་ཡོངས་ལ་དབང་བསྒྱུར་ནས་ལོ་ཤས་རིང་སྲིད་དབང་བཟུང་སྐབས་གཏན་འབེབས་ བྱས་པའི་ཁྲིམས་ཡིག་དོན་ཚན་བཅུ་དྲུག་ཡོད་པ་དེའི་མིང་སྟེ།
1.དཔའ་བོ་སྟག་གི་ཞལ་ལྕེ།
2.སྡར་མ་ཝ་ཡི་ཞལ་ལྕེ།
3.སྣེ་མོ་ལས་འཛིན་གྱི་ཞལ་ལྕེ།
4.ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ།
5.བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ།
6.ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེ།
7.དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ།
8.ཧོར་འདྲ་ཟ་རྐང་གི་ཞལ་ལྕེ།
9.བསད་པ་སྟོང་གི་ཞལ་ལྕེ།
10.རྨས་པ་ཁྲག་གི་ཞལ་ལྕེ།
11.བསྙོན་ཧམ་མནའ་དག་གི་ཞལ་ལྕེ།
12.བརྐུས་པ་འཇལ་གྱི་ཞལ་ལྕེ།
13.ཉེ་འབྲེལ་འབྲལ་བསྡུམས་ཀྱི་ཞལ་ལྕེ།
14.བྱི་བྱས་བྱི་རིན་གྱི་ཞལ་ལྕེ།
15.ནམ་ཕར་ཚུར་གྱི་ཞལ་ལྕེ།
16.ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་བཅས་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1