ཡུལ་ཤུལ་ཁུལ་གྱིས་རིག་རྩལ་མཐོ་རིམ་གླེང་སྟེགས་ཚོགས་འདུ་དང་རིག་རྩལ་མཐུན་ཚོགས་བཙུགས་ནས་ལོ་5འཁོར་པའི་ཚོགས་ཆེན་འཚོགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 05-12


        སྤྱི་ཟླ་5པའི་ཚེས་8ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱི་རིག་རྩལ་མཐུན་ཚོགས་ཀྱིས་ཡུལ་ཤུལ་ཁུལ་ཕྱོགས་བསྡུས་ལས་རིགས་སློབ་གྲྭའི་རིག་གཞུང་ཐིང་དུ་2016ལོའི་ཁམས་ཡུལ་ཤུལ་རིག་གནས་སྒྱུ་རྩལ་མཐོ་རིམ་གླེང་སྟེགས་ཚོགས་འདུ་དང་ཡུལ་ཤུལ་རིག་རྩལ་བཙུགས་ནས་ལོ་5འཁོར་པའི་ཚོགས་ཆེན་འཚོགས། ཡུལ་ཤུལ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅང་ཧའེ་མེ་ཚོགས་འདུར་ཞུགས་ཏེ་རྟེན་འབྲེལ་ཞུས་ཤིང་གཏམ་བཤད་གནང་། ཡུལ་ཤུལ་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བས་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་བཟོ་ལས་ཚོགས་པ། གཙང་གསུམ་འགོ་ཁུངས་ཚགས་པར་ཁང་། ཁུལ་རིག་གནས་ཅུས་སོགས་ཀྱི་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་པ། ཡུལ་ཤུལ་ཁུལ་སྲིད་གཞུང་གི་རིག་གནས་གཙོ་འཛིན་གྱི་འགོ་ཁྲིད། ཡུལ་ཤུལ་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་ཁོངས་གཏོགས་སྡེ་ཁག་རྩོམ་པ་པོའི་མཐུན་ཚོགས་དང་གླུ་དབྱངས་སྒྱུ་རྩལ་པའི་མཐུན་ཚོགས། བྲིས་གཟུགས་པའི་མཐུན་ཚོགས། གེ་སར་མཐུན་ཚོགས་སོགས་ཀྱི་འགན་ཁུར་པ། གྲོང་ཁྱེར་དང་རྫོང་སོ་སོའི་རིག་རྩལ་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་འཐུས་ཚབ་མི་སྣ་སོགས་ཚོགས་འདུར་ཞུགས།

        ཚོགས་འདུའི་ཐོག ཅང་ཧའེ་མེ་ཡིས་བཤད་རྒྱུར། ཐེངས་འདིའི་གླེང་སྟེགས་ཚོགས་འདུ་ནི་ཡུལ་ཤུལ་རིག་གནས་དར་སྤེལ་ལ་སྐུལ་འདེད་དང་མི་རིགས་ཀྱི་ཡུལ་ཤུལ་དེ་མི་རིགས་རིག་གནས་ཚོང་རྟགས་སུ་གྲུབ་པར་སྐུལ་འདེད་བྱ་བའི་གོ་སྐབས་གཙོ་བོ་ཞིག་ཡིན། དེ་བཞིན་ཚོགས་འདུར་ཞུགས་པའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་རིག་རྩལ་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད་ཀྱི་དགོངས་དོན་གལ་ཆེན་ལ་དོན་འཁྱོལ་ནན་མོ་དང་། ཡུལ་ཤུལ་ས་ཁུལ་གྱི་ཕུལ་བྱུང་གི་མི་རིགས་དམངས་ཁྲོད་རིག་གནས་བསྡུ་སྒྲིག་བྱས་ནས་གོམ་གང་མདུན་སྤོས་སྒོས་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་བྱ་གཞག་འཕེལ་རྒྱས་གཏང་རྒྱུ་དང་། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་སྔོན་བསྐྱོད་འཕེལ་རྒྱས་ཡོང་བར་རྨང་གཞི་སྲ་བརྟན་གཏང་དགོས་ཤིང་། ཕྱི་རབས་པར་རིག་གནས་ཀྱི་ཤུལ་བཞག་བསྐྱུར་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1