ཀྲེ་ཅང་གིས་རྔ་བ་ལ་ཁ་གཏད་རོགས་སྐྱོར་གྱི་ལས་གཞི་112འཆར་འགོད་བྱས་ཏེ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར9.39བཏང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-13


     སྤྱི་ཟླ་5པའི་ཚེས11ཉིན། གསར་འགོད་པས་རྔ་བ་ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། རྔ་བ་ཁུལ་གྱིས་རང་བརྟེན་ནུས་པ་དང་འཕེལ་རྒྱས་སུ་གཏང་བའི་ནུས་པར་སྐུལ་འདེད་གཏང་ཆེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་ཀྲེ་ཅང་ཞིང་ཆེན་གྱིས་དམངས་འཚོ་རོགས་སྐྱོར་བྱེད་པ་དེ་རྨང་གཞི་བྱས་ནས། ཐོན་ལས་རོགས་སྐྱོར་དང་རིག་པའི་རོགས་སྐྱོར་ལྟེ་བར་བཟུང་ནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྔ་བ་ཁུལ་ལ་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་112འཆར་འགོད་བྱས་ནས། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་9.39བཏང་། ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་7.72ཟིན་ཡོད།
    རྣམ་གྲངས་112ཁྲོད་དུ་གཙོ་བོ་དམངས་འཚོའི་རོགས་སྐྱོར་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་། སློབ་གསོ་མཐོར་འདེགས། ཐོན་ལས་རྒྱབ་སྐྱོར། ལས་ཞུགས་ལས་གཏོད། སྐྱེ་ཁམས་སྲོང་སྐྱོང་སོགས་ཕྱོགས་དྲུག་འདུས་ཡོད་པ་དང་། དེའི་ཁྲོད་ཀྱི་དམངས་འཚོའི་རོགས་སྐྱོར་ཕྱོགས་ནས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་དང་བདེ་འཇགས་འཐུང་ཆུ་སོགས་ཨར་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུ་དང་། སྡེ་བར་བཅོས་སྐྱོང་དང་གྲོང་ཁྱེར་དང་གྲོང་རྡལ་ལ་གཅིག་སྡུད་སྒོས་དྲོད་མཁོ་འདོན་བྱེད་པ།  དབུལ་ཕོངས་དུད་ཚང་གི་སྡོད་ཁང་བསྒྱུར་བཀོད་བྱེད་པ་སོགས་བྱས་ཡོད། དེ་དང་དུས་མཉམ་དུ་དབུལ་བྲལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་དང་། ས་ཞིང་དང་རྩྭ་ར། གཞུང་ལམ་སོགས་ཐོན་སྐྱེད་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་ལ་རྒྱབ་སྐྱོར།  ཁྱིམ་ཚང་གཉེར་སྐྱོང་གི་རྣམ་གྲངས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བྱ་དགོས།
    ཐོན་ལས་རོགས་སྐྱོར་གྱི་ཐད་ལ་རྔ་བ་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཐོན་ལས་ཀྱི་ཐེབས་རྩ་འཛུགས་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏང་བ། འཇོན་མི་གསོ་སྦྱོང་བྱེད་པའི་ཐད་ལ་གཅིག་སྡུད་སྒོས་འཛིན་གྲྭ་འཛུགས་པ་དང་འགན་བཀལ་བརྗེ་རེས་སོགས་རྣམ་པ་མང་པོ་བརྒྱུད་ནས་གཞི་རིམ་གྱི་སྲིད་སྐྱོང་རྐང་འཛིན་པ་དང་ཞིང་འབྲོག་ལས་རིགས། གཉེར་སྐྱོང་དོ་དམ་སོགས་ལ་སྣེ་ཁྲིད་དེ་འཇོན་མི་འདེམས་ནས་ཀྲེ་ཅང་སློབ་གྲྭ་ཁག་དང་ས་གནས་སུ་གསོ་སྦྱོང་བྱེད་པའི་ཁྲོད་དུ་བཞུགས་པར་རྩ་འཛུགས་བྱས་ཏེ། འགན་འཁྱེར་གྱི་ལས་འགན་སྦྱོང་བརྡར་དང་ཉམས་མྱོང་བརྗེ་རེས་བྱེད་པར་མངག་དགོས། དེ་མིན་དགེ་རྒན་དང་སྨན་པ། ཚན་རིག་ལག་རྩལ་སོགས་ཀྱིས་ཆེད་ལས་ལག་རྩལ་ཐད་ཀྱི་འཇོན་མི་ལ་སློབ་གསོ་ཟབ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱག་དགོས།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1