ལི་ཁེ་ཆང་གིས་མོ་རོ་ཁོ་རྒྱལ་ཁབ་ཀྱི་རྒྱལ་པོ་སྐུ་ཕྲེང་དྲུག་པ་མོའོ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-13


  སྤྱི་ཟླ་5པའི་ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོ་རོ་ཁོ་རྒྱལ་ཁབ་ཀྱི་རྒྱལ་པོ་སྐུ་ཕྲེང་དྲུག་པ་མོའོ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།
  ལི་ཁེ་ཆང་གིས་ཀྲུང་གོ་དང་མོ་རོ་ཁོ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་58འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་རྒྱུན་འཁྱོངས་བྱས་པ་རེད། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་གྲོས་མོལ་མཛད་པར་གྲུབ་འབྲས་ལེགས་པོ་ཐོབ། ཀྲུང་གོའི་ཕྱོགས་ནས་རྒྱུན་ཆད་མེད་པར་མོ་རོ་ཁོ་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་དངོས་དོན་མཉམ་ལས་རྒྱ་སྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱིས་ཕྱོགས་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་པ་འདོད་པར་མ་ཟད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ། ཧྥེ་གླིང་བཅས་ཀྱི་འབྲེལ་བ་དང་མཉམ་ལས་ལ་སྐུལ་ཤུགས་གསར་པ་བསྣན་འདོད་ཅེས་བསྟན།
  རྒྱལ་བོ་སྐུ་ཕྲེང་དྲུག་པ་མོའོ་ཧན་མོ་ཏི་ཡིས་མོ་རོ་ཁོ་དང་ཀྲུང་གོའི་མཛའ་མཐུན་མཉམ་རྒྱལ་གྱི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན། མོ་རོ་ཁོའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་མྱུར་བགྲོད་ལྕགས་ལམ། ལྗང་མདོག་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་དངོས་དོན་མཉམ་ལས་ཤུགས་སྣོན་བྱེད་པ་དང་མི་ཆོས་བརྗེ་རེས་རྒྱ་སྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏང་བ་དང་ཧྥེ་གླིང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ལེགས་པར་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན།། 

 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅།། ཡུན་རིང་གི་རྗེས་སུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1