བོད་ལྗོངས་ཀྱིས་ཨེ་ཤ་ཡ་ལྷོ་མའི་ལྕགས་ལམ་གྱི་དངོས་ཟོག་སྐྱེལ་འདྲེན་ཐབས་ལམ་གསར་པ་བསྐྲུན་ཏེ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་འགན་སྲུང་མཁོ་འདོན་བྱས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-16


        གསར་འགོད་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ་5པའི་ཚེས་11ཉིན་གྱི་ཕྱི་དྲོར། རང་རྒྱལ་གྱི་ཨེ་ཤ་ཡ་ལྷོ་མའི་གཞུང་ལམ་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་ཐོག་མ་དེ་ལན་ཀྲུའུ་རྟགས་ཅན་གྱི་རྒྱལ་སྤྱིའི་དངོས་སྐྱེལ་མེ་འཁོར་དངོས་སུ་ཤར་གཏོང་བྱས། ལམ་ཐིག་དེ་ལན་ཀྲུའུ་ནས་འགོ་ཚུགས་ཏེ་གཞིས་ཀ་རྩེ་དང་། སྐྱིད་ལུང་འགག་སྒོ་བརྒྱུད་དེ་ཀ་ཏ་མན་དུ་འབྱོར་ཡོད། མཐའ་ཁུལ་གྱི་གལ་ཆེའི་མཐུད་མཚམས་གྲོང་ཁྱེར་ཡིན་པ་གཞིར་བཞག ལྷ་སས་ཀྱང་ཕྱིར་འཚོང་གི་འཕེལ་ཕྱོགས་ཇེ་མགྱོགས་སུ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1