ལི་ཁེ་ཆང་གིས་ཨབ་གྷན་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུ་ཏུའོ་ལ་དང་གྲོས་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-17


  སྤྱི་ཟླ་5པའི་ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གི་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཨབ་གྷན་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུ་ཏུའོ་ལ་དང་གྲོས་མོལ་མཛད།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཨབ་གྷན་སི་ཐན་གཉིས་ནི་ཁྱིམ་མཚེས་ཡིན་པར་མ་ཟད། མཛའ་མཐུན་འགྲོ་འོང་གི་རྒྱུན་ཤིན་ཏུ་རིང་། ཀྲུང་གོའི་ཕྱོགས་ནས་ཨབ་གྷན་སི་ཐན་ནི་ཉེ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཀྲུང་གོ་དང་ཨབ་གྷན་སི་ཐན་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏང་བར་བརྩོན་ལེན་བྱེད་པ་དང་། ཨབ་གྷན་སི་ཐན་གྱིས་རྒྱལ་ཁབ་རང་བཙན་དང་བདག་དབང་། མངའ་ཁོངས་གཅིག་གྱུར་དང་བདེ་འཇགས་བཅས་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་དང་། ཨབ་གྷན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོར་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཨབ་གྷན་སི་ཐན་དང་མཉམ་དུ་འབད་པ་ཆེན་པོས་ཕྱོགས་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། མི་ཆོས། དེ་མིན་རྒྱལ་སྤྱི་དང་ས་གནས་ལས་དོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་སྟེ་ས་གནས་ཀྱི་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་ཐད་ལ་མཛད་རྗེས་གསར་པ་འཇོག་འདོད་ཅེས་བསྟན། 

  ཨ་པུ་ཏུའོ་ལ་ཡིས་ཀྲུང་གོ་ནི་ཨབ་གྷན་སི་ཐན་གྱི་ཁྱིམ་མཚེས་དང་གྲོགས་པོ་བཟང་པོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཨབ་གྷན་སི་ཐན་དང་ཀྲུང་གོའི་མཐོ་རིམ་འབྲེལ་འདྲིས་ཇེ་མང་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གྱུར། ཨབ་གྷན་སི་ཐན་ཕྱོགས་ནས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོའི་ཕྱོགས་ཀྱི་རྒྱལ་ཁབ་རང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོའི་ཕྱོགས་ནས་ཨབ་གྷན་སི་ཐན་གྱི་མི་རིགས་འདུམ་འགྲིག་དང་དཔལ་འབྱོར་བསྐྱར་འཛུགས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་ཀྱིས་ཨབ་གྷན་སི་ཐན་གྱི་དངུལ་གཏོང་མཉམ་ལས་རྒྱ་སྐྱེད་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་།  གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་སྡོད་ཁང་འགན་སྲུང་། གཏེར་ཁུངས་གསར་འབྱེད། ཆ་འཕྲིན་འཕྲིན་གཏོང་། ཞིང་ལས། སློབ་གསོ། འགོག་སྲུང་ལས་དོན་གྱི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ས་གནས་ཕུན་ཚུན་གྱི་འབྲེལ་བའི་དྲ་རྒྱའི་འཛུགས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1