དཀར་མཛེས་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ལས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལ་ཆེད་རམས་པས་དཔྱད་ཞིབ་གནང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།དཀར་མཛེས་གསར་འགྱུར། སྤེལ་དུས། 05-18


            སྤྱི་ཟླ་5པའི་ཚེས་14ཉིན། སི་ཁྲོན་དཀར་མཛེས་ཁུལ་གྱི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ལས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་འཆར་འགོད་ལ་ཆེད་རམས་པའི་དཔྱད་ཞིབ་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། དཔྱད་ཞིབ་ཚོགས་པའི་ཙུའུ་ཀྲང་། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀྲུང་གོའི་ཀྲུང་ལུགས་དང་བོད་ལུགས་ཚན་རིག་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཡོན་ཀྲང་གཞོན་པ་ཧོང་ལུ་ཆི་ཡིས་དཔྱད་ཞིབ་ཚོགས་པར་གཙོ་སྐྱོང་གནང་། སི་ཁྲོན་དཀར་མཛེས་ཁུལ་གྱི་ཁུལ་དཔོན་གཞོན་པ་ཧུ་པིའོ་ཚོགས་འདུར་ཞུགས། 

            དཀར་མཛེས་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཨུ་ལྷན་དང་། ཁྲེན་ཏུའུ་ཀྲུང་ལུགས་སྨན་ལས་སློབ་ཆེན་གྱིས་མཉམ་སྦྲེལ་སྒོས་སྒྲིག་བཟོ་བྱས་པའི་《འཆར་འགོད།》ངོ་སྤྲོད་ལ་ཉན་པར་བརྒྱུད། དཔྱད་ཞིབ་ཆེད་མཁས་པས་དཀར་མཛེས་ཀྱི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་གཞིར་ནས་བགྲོ་གླེང་བྱས། ལྟ་ཕྱོགས་མི་འདྲ་བའི་ངོས་ནས་དགེ་མཚན་ལྡན་པའི་བསམ་འཆར་དང་ཇུས་གཞི་བཏོན་ཞིང་མོས་མཐུན་མགྲིག་གཅིག་ཏུ་འཆར་འགོད་ལ་ཞིབ་དཔྱོད་བྱུང་སྟེ། སྡེ་ཁག་སྒྲིག་འཛུགས་བྱས་ཏེ་གོམ་གང་མདུན་སྤོས་སྒོས་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ལས་དེ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཀྱི་རྗེས་སུ་འབྲངས་ནས་འཛམ་གླིང་རིམ་པའི་མིང་རྟགས་ཨང་གཉིས་པར་འགོད་པར་བརྒྱུད་དཀར་མཛེས་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་ཁྲོད་ཀྱི་གོ་གནས་དང་ཕན་ནུས་མཐོར་རུ་གཏང་པའི་བསམ་འཆར་དང་ཇུས་གཞི་བཏོན། མུ་མཐུད་དུ་འཆར་འགོད་ཀྱི་ནང་དོན་ཟབ་སྤེལ་བྱས་ནས་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་དང་གནད་སྨིན་དབུལ་སྐྱོར། 《ཀྲུང་ལུགས་དང་བོད་ལུགས་འཕེལ་རྒྱས་འཐབ་ཇུས་ཀྱི་འཆར་གཞིའི་རྩ་གནད།(2016—2030)》སོགས་རྒྱལ་ཁབ་འཐབ་ཇུས་དང་སྲིད་ཕྱོགས་ཇུས་གཞི་ཟུང་དུ་སྦྲེལ་བ། གོམ་གང་མདུན་སྤོས་སྒོས་དཀར་མཛེས་ཁུལ་གྱི་ལྷོ་ལུགས་བོད་སྨན་སྨན་རྫས་འབྱུང་ཁུངས་ཀྱི་ཁྱད་ལྡན་ལོ་རྒྱུས་གནས་བབ་འབུར་དུ་ཐོན་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1