ལི་ཁེ་ཆང་གིས་མོ་ཟམ་བྷིག་རྒྱལ་ཁབ་ཀྱི་སྲིད་འཛིན་ཉིག་ཞི་ལ་མཇལ་འཕྲད་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-20


  སྤྱི་ཟླ་5པའི་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་མོ་ཟམ་བྷིག་རྒྱལ་ཁབ་ཀྱི་སྲིད་འཛིན་ཉིག་ཞི་ལ་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་དང་མོ་ཟམ་བྷིག་གཉིས་ཀྱིས་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་གཉིས་ཀྱིས་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་མཛད་དེ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱི་ཡིག་ཆ་རབ་དང་རིམ་པར་མིང་རྟགས་བཀོད། ཀྲུང་གོའི་ཕྱོགས་ནས་མོ་ཟམ་བྷིག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་དང་མི་རིགས་འདུམ་འགྲིག་ལ་སྐུལ་འདེད་གཏང་བར་རྒྱབ་སྐྱོར་བྱེད་ངེས། དེ་མིན་མོ་ཟམ་བྷིག་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བསྒྱུར་ལ་རོགས་འདེགས་བྱ་འདོད་ཅེས་བསྟན།

  ཉིག་ཞི་ཡིས་མོ་ཟམ་བྷིག་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་གཏིང་ཟབ་ལ། མཛའ་མཐུན་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་བཞིན་འདུག མོ་ཟམ་བྷིག་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་པོར་མོ་ཟམ་བྷིག་མི་རིགས་ཀྱི་རང་བཙན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། ཕྱོགས་གཉིས་དང་དེ་མིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་སྒྲིག་གཞི་ཁྲོད་ཀྱི་ཐོན་ནུས་དང་གཏེར་ལས། ཞིང་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་དོན་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1