ཁྲེན་ཏུའུ་ཡིས་ལྷོ་པ་ཡུལ་ཚོར་དབུལ་སྐྱོར་བྱེད་པའི་ལས་ཀའི་སྐུལ་འདེད་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-20


    སྤྱི་ཟླ་5པའི་ཚེས་17ཉིན། ཁྲེན་ཏུའུ་གྲོང་ཁྱེར་གྱིས་དཀར་མཛེས་རྫོང་ལྷོ་པ་ཡུལ་ཚོར་ཁ་གཏད་རོགས་སྐྱོར་བྱེད་པའི་སྐུལ་འདེད་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཁྲེན་ཏུའུ་གྲོང་ཨུའི་རྒྱུན་ཨུ་ཞི་རུའེ་ཝུའུ། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཞིང་བཟོ་ཨུའི་ཀྲུའུ་རེན་དབྱང་ཁའེ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།
    ཚོགས་འདུའི་སྟེང་། ཁྲེན་ཏུའུ་གྲོང་ཁྱེར་ཞིང་ཨུས་དཀར་མཛེས་རྫོང་ལྷོ་པ་ཡུལ་ཚོའི་ཁ་གཏད་དབུལ་སྐྱོར་བྱེད་པའི་ལས་ཀའི་སྐུལ་འདེད་གནས་ཚུལ་གྱི་སྙན་ཞུ་ཕུལ་ཞིང་། གྲོང་ཁྱེར་སོ་སོའི་ཁོངས་གཏོགས་སྡེ་ཚན་ཁག་གིས་ལས་གཞི་སྐུལ་འདེད་བརྒྱུད་རིམ་ཁྲོད་འཕྲད་པའི་གནད་དོན་དང་ལས་ཀའི་བསམ་འཆར་ཐད་ནས་འབྲེལ་ཡོད་གཏམ་བཤད་གནང་། དཀར་མཛེས་རྫོང་གིས་ལྷོ་པ་ཡུལ་ཚོའི་ལས་ཀ་ཁག་དོན་འཁྱོལ་བྱས་པའི་གནས་ཚུལ་གསལ་བཤད་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1