ཞི་ཅིན་ཕིང་གིས་ཕ་ཀི་སི་ཐན་གྱི་སྲིད་འཛིན་ཧིག་སད་དབྱིན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ཕ་ཀི་སི་ཐན་གཉིས་ཀྱིས་འབྲེལ་བ་བཙུགས་ཏེ་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-22


  སྤྱི་ཟླ་5པའི་ཚེས་21ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཀི་སི་ཐན་གྱི་སྲིད་འཛིན་མ་མོའུ་ནོའུ་ཨིན་ཧིག་སད་དབྱིན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ཕ་ཀི་སི་ཐན་གཉིས་ཀྱིས་འབྲེལ་བ་བཙུགས་ཏེ་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།

  ཞི་ཅིན་ཕིང་གིས་གློག་འཕྲིན་ནང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་ཏེ་ལོ་ངོ་65འཁོར་བའི་རིང་ལ། ཀྲུང་གོ་དང་པ་ཀི་སི་ཐན་གཉིས་ཀྱི་འབྲེལ་བ་རྒྱལ་སྤྱིའི་གནས་ཚུལ་གྱི་འགྱུར་ལྡོག་དང་རྒྱལ་ཁབ་གཉིས་ཀྱི་རྒྱལ་ནང་གི་གནས་ཚུལ་གྱི་འགྱུར་ལྡོག་བརྒྱུད་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་ཕ་ཀི་སི་ཐན་གཉིས་ཀྱི་འབྲེལ་བ་སྟོབས་ཤུགས་ལྡན་པ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་དངོས་དོན་མཉམ་ལས་དང་མི་ཆོས་བརྗེ་རེས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ངས་ཀྲུང་གོ་དང་ཕ་ཀི་སི་ཐན་གཉིས་ཀྱི་འབྲེལ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་ལ་ཁྱེད་དང་ལྷན་དུ་ཀྲུང་གོ་དང་ཕ་ཀི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན།

  ཧིག་སད་དབྱིན་གྱིས་གློག་འཕྲིན་ནང་། ལོ་ངོ་65རིང་ལ། ཀྲུང་གོ་ནི་དུས་དང་རྣམ་པ་ཀུན་ཏུ་ཕ་ཀི་སི་ཐན་གྱི་ཆེས་བཟང་བའི་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་གྲོགས་པའི་འབྲེལ་བ་ནི་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་རྒྱུན་ཆད་མེད་པར་འཕེལ་རྒྱུས་ཕྱིན་པ་ཡིན། གནའ་བོའི་དཔལ་ཡོན་ལྡན་པའི་དེང་རབས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཡིན་པའི་ཆ་ནས་ང་ཚོར་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་རྒྱུན་འཛིན་བྱེད་པའི་འགན་ཁུར་ཡོད་པ་རེད་ཅེས་བསྟན།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1