རོང་བྲག་རྫོང་གིས་བསྐྱར་འཛུགས་ཁྲོད་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན།

དངོས་གྲུབ་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།དངོས་གྲུབ་སྒྲོལ་མ།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 05-25


  དར་མདོར2014ལོའི་ཟླ་བ11པའི་ཚེས22ཉིན་ལ་ས་འགུལ་གྱི་གནོད་སྐྱོན་བྱུང་རྗེས། རོང་བྲག་རྫོང་གིས་སྔ་མོ་ནས་འཆར་གཞི་བཀོད་དེ། སྒྲིག་འཛུགས་ཞིབ་ཕྲ་བྱས་ཤིང་། ལས་འགན་གསལ་པོ་བཟོ་བ་དང་། དོན་འཁྱོལ་དམ་འཛིན་བྱས་ནས།  རྫོང་ཡོངས་ཀྱི་གོང་འོག་ཚང་མས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་ནུས་ལྡན་དང་གོ་རིམ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྤེལ་ཞིང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད། མིག་སྔར་རྫོང་དེས་འཆར་འགོད་བྱས་པའི་རིགས་ཆེན་པོ་5ཡི་ལས་གཞི་25ཁྱོན་ཡོངས་ནས་ལས་འགོ་བཙུགས་པ་རེད།  དེའི་ནང་ལས་གཞི་12 ལེགས་གྲུབ་བྱུང་བ་དང་འཕྲོར་ལུས་ལས་གཞི་13འཆར་གཞིར་བརྟེན་ནས་བརྟན་བརླིང་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་།   མ་དངུལ་སྒོར་ཁྲི་10666.95བཏང་བ་རེད།
     རོང་བྲག་རྫོང་གིས་གནོད་འཚེ་ཐེབས་རྗེས་བསྐྱར་སྐྲུན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། ལོ་གསུམ་གྱི་ལས་འགན་ལོ་གཉིས་ལ་བསྒྲུབ་པའི་འཛུགས་སྐྲུན་དམིགས་འབེན་ལ་དམ་པོར་དམིགས་ནས། དམིགས་སུ་བཀར་ནས་གནོད་སྐྱོན་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་དང་སློབ་གྲྭ  སྨན་ཁང་བཅས་འཛུགས་སྐྲུན་བྱས་ཤིང་། གཙོ་གནད་མངོན་གསལ་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་དང་སྦྲགས། སྟོང་དགུ་ཤང་གི་རང་བྱུང་གི་གཞོང་ལྗོངས་དང་གྲམ་རྡོ་དམར་པོ།  གནས་འགོ་དགོན་གྱི་གསར་བརྗེ་དྲན་གསོ་ཁང་སོགས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། མིག་རྒྱང་རིང་པོར་བསྲིངས་ཏེ་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་པ་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་ཐོན་ལས་སྤེལ་བ།  བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་པ་བཅས་དང་ཟུང་འབྲེལ་བྱས་ཤིང་ཚད་གཞི་མཐོ་བའི་སྒོ་ནས་དུད་ཚང་240ཡི་ཁང་པའི་ཕྱི་ཁོག་བསྒྱུར་བཀོད་མཛེས་བཟོ་བྱས་པ་དང་།  མ་དངུལ་སྒོར་ཁྲི་1000ལྷག་གཏོང་འཇོག་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་དང་ངལ་གསོ་ཐང་ཆེན།  ཁོར་ཡུག་གཙང་སྦྲའི་སྒྲིག་ཆས།  ཡུལ་སྐོར་ཕྱོགས་བསྡུས་ཞབས་འདེགས་སོགས་རྨང་གཞིའི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་དང་བཅས་པ་འཛུགས་པ་དང་། ནུས་ཤུགས་ཡོད་རྒུས་སྟོང་དགུ་ཤང་དབྱིན་ཧྲན་དང་ཀུའོ་རུའུ།  སྟོང་དགུ་སོགས་གྲོང་གསེབ་གསུམ་རྫོང་ཡོངས་དང་ཐ་ན་ཁུལ་ཡོངས་ཀྱི་གནོད་འཚེ་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་ཁྲོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དཔེ་སྟོན་གྲོང་སྡེ་བསྐྲུན་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1