ཧུང་ཡོན་རྫོང་གི་སྐབས་གཉིས་པའི་དམངས་ཁྲོད་སྲོལ་རྒྱུན་རོལ་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མས།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-26


     ཉེ་ཆར། ཧུང་ཡོན་རྫོང་གི་སྐབས་གཉིས་པའི་དམངས་ཁྲོད་སྲོལ་རྒྱུན་རོལ་ཚོགས་ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ། རྫོང་དེའི་རིག་གནས་རླུང་འཕྲིན་གསར་འགྱུར་ཅུས་ཀྱིས་རྒྱལ་ཡོངས་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཨུ་ཡོན། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་རྣམ་གྲངས་(བོད་ཀྱི་དམངས་གཞས། ཀན་ལྷོ་བོད་པའི་དམངས་གཞས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ།)དཔལ་མགོན་གདན་འདྲེན་བྱས་ཏེ་སློབ་མ་རྣམས་ལ་རིན་མེད་སྒོས་སློབ་ཁྲིད་གནང་།
    སྐབས་འདིའི་གསོ་སྦྱོང་བྱེད་ཡུན་ནི་ཉིན་7ཡིན་ལ། ནང་དོན་གཙོ་བོར་དམངས་ཁྲོད་ཀྱི་སྲོལ་རྒྱུན་རོལ་ཚོགས་ལ་གསོ་སྦྱོང་བྱེད་རྒྱུ་དེ་འདུས། རྫོང་དེའི་དམངས་ཁྲོད་སྲོལ་རྒྱུན་རོལ་ཚོགས་དང་ཡུལ་ཤོག་དང་གྲོང་རྡལ་ནས་ཐོན་པའི་ལས་ཞོར་དགའ་ཕྱོགས་ཅན་གྱི་མི་30ལྷག་གསོ་སྦྱོང་དུ་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1