སི་ཁྲོན་བོད་སྐད་རླུང་འཕྲིན་གྱིས་ཉན་མཁན་དང་མཇལ་བའི་བྱེད་སྒོ་མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཞེས་པའི་རིག་རྩལ་ཐད་གཏོང་བྱེད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། ཚེ་བརྟན་སྒྲོལ་མས་བསྒྱུར། སྤེལ་དུས། 05-31


   2016ལོའི་ཟླ་5པའི་ཚེས་28ཉིན། སི་ཁྲོན་བོད་སྐད་རླུང་འཕྲིན་གྱིས་ཉན་མཁན་དང་མཇལ་བའི་བྱེད་སྒོ་མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཞེས་པའི་ཡུལ་དངོས་ཀྱི་ཐད་གཏོང་བྱེད་སྒོ་སྤེལ།

   ཉིན་དེར།དར་མདོ་གྲོང་ཁྱེར་སྐྱ་གད་པ་ཡུལ་ཤོག་བཅའ་སྡོད་སློབ་གྲྭའི་སློབ་མ་རྣམས་ཀྱིས་བྱེད་སྒོས་ཐོག་ཏུ་རྫོགས་ལྡན་གྱི་མི་ཉག་ཅེས་པའི་ཞབས་བྲོ་འཁྲབ། མཛེས་པའི་རི་ངོས་སྐྱིད་པའི་ཕ་གཞིས་ཅེས་པའི་ཐད་གཏོང་བྱེད་སྒོ་དང་སྐབས་དང་པོའི་སྐྱ་གད་ཡུལ་ཚོའི་འོ་སེ་མེ་ཏོག་དུས་ཆེན་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་སྐྱ་གད་ཡུལ་ཤོག་རི་ངོས་ཡུལ་ཚོ་ནས་སྤེལ།ཐེངས་འདིའི་ཐད་གཏོང་བྱེད་སྒོའི་ས་གནས་དེ་གའི་གསན་མཁན་གྲོགས་པོ་རྣམས་ལ་བར་ཐག་ཆེས་ཉེ་ས་ནས་བོད་སྐད་རླུང་འཕྲིན་གྱི་ལས་བྱེད་པ་རྣམས་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཤིག་སྤྲད་པར་མ་ཟད།བྱེད་སྒོའི་ཐོག་ཏུ་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་ནས།མི་དམངས་མང་ཚོགས་ལ་བསམ་པའི་རིག་གནས་ཀྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཕུལ་ཡོད།

     རྒྱུས་ལོན་བྱས་པ་ལྟར་ན།ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ནི་སི་ཁྲོན་བོད་སྐད་རླུང་འཕྲིན་དང་དཀར་མཛེས་གསར་འགྱུར་དྲ་བས་གཙོ་གཉེར་བྱས་པ་དང་དཀར་མཛེས་ཁུལ་དྲིལ་བསྒྲགས་པུའུ་དང་དར་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ།སྐྱ་གད་ཡུལ་ཤོག་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1