མཚོ་སྔོན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་སྤྱིའི་འདུར་རྒྱུག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མཚོ་སྔོན་གསར་འགྱུར་དྲ་བ། སྤེལ་དུས། 05-31


      གསར་འགོད་པས་ཟླ་5པའི་ཚེས་29ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཉིན་དེར་སི་ཕན་རྒྱལ་ཁབ་ཀྱི་ལཱ་ཁི་ལུའུ་ཉི་ཡ་ནས་བསྡུས་པའི་རྒྱལ་སྤྱིའི་འདུར་རྒྱུག་འགྲན་སྡུར་ཁྲོད་དུ། མཚོ་སྔོན་གྱི་བོད་རིགས་ཕུལ་བྱུང་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལེ་20ཅན་གྱི་བུད་མེད་འདུར་རྒྱུག་འགྲན་སྡུར་ཁྲོད་རྒྱུག་ཡུན་དུས་ཚོད་གཅིག་དང་སྐར་མ་ཉེར་བརྒྱད་སྐར་ཆ་སུམ་ཅུའི་ནང་དམིགས་སར་ཐོན་ནས། མཐར་ཐེངས་འདིའི་འདུར་རྒྱུག་འགྲན་སྡུར་གྱི་བྱ་དགའ་ཨང་གཉིས་པ་བླངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1