ཞི་ཅིན་ཕིང་གིས་ཐོ་གོའི་སྲིད་འཛིན་ཧྥུའུ་ལི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


  སྤྱི་ཟླ་5པའི་ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐོ་གོའི་སྲིད་འཛིན་ཧྥུའུ་ལི་དང་གྲོས་མོལ་མཛད།
  ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་44ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་དང་ཐོ་གོའི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་གཉིས་ཀྱི་ལྷག་བསམ་མཛའ་མཐུན་དང་འདྲ་མཉམ་ཡིད་རྟོན། མཉམ་ལས་གཉིས་རྒྱལ་གྱི་དཔེ་སྟོན་དུ་གྱུར་བ་རེད། དེང་སྐབས་ཀྲུང་གོ་དང་ཐོ་གོའི་འཐབ་ཇུས་འཕེལ་རྒྱལ་མཐུན་ཞིང་ཕན་ཚུན་གྱི་དཔལ་འབྱོར་གསབ་སྐོང་སྟོབས་དང་ལྡན་པ། མཉམ་འབྲེལ་གྱི་མདུན་ལྗོངས་རྒྱ་ཆེ་བ་རེད། ང་ཚོས་ཐོ་གོ་དང་མཉམ་དུ་འབད་པ་ཆེན་པོས་ཀྲུང་གོ་དང་ཐོ་གོ་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་དར་སྤེལ་དུ་བཏང་ནས་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན། 
  ཧྥུའུ་ལི་ཡིས་ཐོ་གོ་དང་ཀྲུང་གོས་འབྲེལ་བ་བཙུགས་ནས་ལོ་འཁོར་44ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཐོ་གོའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་པར་མ་ཟད། ཀྲུང་གོའི་ཕྱོགས་ནས་དམངས་འཚོ་ལེགས་བཅོས་དང་ཞིང་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན། དཔལ་འབྱོར་གསར་སྤེལ། ཞི་བདེ་བདེ་འཇགས་སོགས་ཀྱི་ཐད་ནས་ཐོ་གོར་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1