གླིང་གེ་སར་ཞེས་པའི་བྱིས་པའི་མཉམ་གཞས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 06-02



      དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་སྐབས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་ཆུང་འབྲིང་སློབ་མ་140ལྷག་གིས་བོད་ཀྱི་སྒྲུང་རིང་གླིང་གེ་སར་ཞེས་པའི་མཉམ་གཞས་བླངས་ནས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ།


      བོད་རང་གི་རིག་གནས་སྲོལ་རྒྱུན་དར་སྤེལ་དང་རྒྱུན་འཛིན་བྱ་ཆེད། སྡེ་དགེ་རྫོང་གིས་2013ལོ་ནས་བཟུང་སློབ་གྲྭ་ཆུང་འབྲིང་ནང་དུ་གླིང་གེ་སར་གྱི་གླུ་གཞས་ལེན་པ་དང་སྒྲུང་བཤད་པའི་རང་མོས་འཛིན་གྲྭ་བཙུགས། དེས་བྱིས་པ་མང་པོ་ཞིག་ལ་ཆུང་བའི་དུས་ནས་མི་རིགས་ཀྱི་རྩ་ཆེན་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་། དེ་ལ་གསལ་ཆ་ལྡན་པའི་གོ་སྐབས་བསྐྲུན། གླིང་གེ་སར་གྱི་སྒྲུང་བཤད་པ་དང་ལེན་པའི་རྣམ་པ་ངོ་མཚར་ཅན་དེ་ཡང་དུས་དེ་ནས་བཟུང་སློབ་གྲྭའི་ནང་དུ་དར། དེ་ཡང་གཙོ་བོར་རྒྱལ་ཁབ་་རིམ་པའི་སྒྲུང་པ་དགེ་རྒན་ཆེན་མོ་ཨ་ཉིད་ཀྱི་བཀའ་དྲིན་དང་བྲལ་ཐབས་མེད། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་གླིང་གེ་སར་གྱི་འཐུས་ཚབ་མི་སྣ་སྒྲུང་པ་ཨ་ཉིད་ཀྱིས་ངས་བྱིས་པ་ཚོར་གླིང་གེ་སར་གྱི་སྙན་རྩོམ་གླུ་གཞས་ཐོག་ནས་གྱེར་འདོན་བྱེད་པ་བསླབས་ནས་ད་བར་དུ་ལོ་བཞི་འགོར་ཞིང་། དེ་ཡང་རྗེས་ཕྱོགས་སུ་ངས་མུ་མཐུད་དུ་གླིང་གེ་སར་གྱི་རིག་གནས་བྱ་གཞག་ཐོག་ལ་རང་གི་ནུས་པ་ཡོད་ཚད་འབུལ་རྒྱུ་ཡིན་ཞེས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1