རྔ་བ་ཁུལ་གྱིས་ཆོས་ལུས་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་ལ་རིན་མི་དགོས་པའི་ལུས་ཕུང་བརྟག་དཔྱད་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 06-03


    ཉེ་ཆར། རྔ་བ་ཁུལ་གྱིས་ཞིང་ཆེན་མི་དམངས་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ། རིམ་པ་ཁག་བཞི་ལ་བགོས་ནས་ཁུལ་ཡོངས་ཀྱི་བླ་སྤྲུལ་124དང་། འཐུས་ཚབ་རང་བཞིན་དང་ཤུགས་རྐྱེན་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དམངས་གཙོ་དོ་དམ་གྱི་ཀྲུའུ་རེན་ནམ་ཁོངས་མི་176 མཁན་པོ་དང་ཡོངས་འཛིན་སོགས་ཁྱོན་བསྡོམས་མི་300ལ་རིན་མི་དགོས་པར་ལུས་པོར་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་ཞིང་། མི་སྒེར་གྱི་བདེ་ཐང་ཡིག་ཚགས་300སྒྲིག་བཟོ་བྱས།

    བྱེད་སྒོ་འདིས་ཏང་ཨུ་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་ལ་དོ་ཁུར་དང་གཅེས་སྐྱོང་གནང་བཞིན་ཡོད་པ་མངོན་ཡོད་ལ། ལུས་པོར་བརྟག་དཔྱད་གནང་བའི་བླ་སྤྲུལ་ཚོའི་གཟེངས་བསྟོད་ཆེན་པོ་ཐོབ། བླ་སྤྲུལ་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་བ་དེ་མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་སྤྱོད་ཁྲོད་དུ་དོན་འཁྱོལ་བྱ་རྒྱུ་དང་། མི་རིགས་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣའི་གལ་ཆེའི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་ནས། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་སྣེ་ཁྲིད་ནས་རྔ་བ་ཁུལ་གྱི་ས་ཁུལ་གསུམ་དང་ལྟེ་གནས་གཅིག་གི་འབད་འཐབ་དམིགས་འབེན་ལ་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1