སྐབས་བདུན་པའི་སངས་རྒྱས་སྨན་བླའི་རིག་གནས་སྒྱུ་རྩལ་དུས་ཆེན་ཀན་སུའུ་དཔའ་རིས་ཡུལ་དུ་སྤེལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 06-12


             ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཤུགས་སྣོན་བྱ་ཆེད། དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་རྩོམ་རིག་ལས་དོན་གྱི་གཞུང་ལས་ཁང་དང་བཀྲ་ཤིས་ལུང་པ་གྲོང་རྡལ་རྡོ་ལུང་ཡུལ་སྡེ་ཡིས་སྐབས་བདུན་པའི་སངས་རྒྱས་སྨན་བླའི་རིག་གནས་སྒྱུ་རྩལ་དུས་ཆེན་མཉམ་སྒྲུབ་བྱས། 

             དཔའ་རིས་རྫོང་བོད་སྐད་ཡིག་རྩོམ་རིག་ལས་དོན་གྱི་གཞུང་ལས་ཁང་གིས་གར་སྟེགས་དེ་བརྒྱུད་ནས་རྒྱལ་ཁབ་རིམ་པའི་དངོས་མེད་རིག་གནས་ཤུལ་བཞག་གི་གདོན་མའི་གླུ་ལེན་ཚོགས་ཆེན་བསྡུས། བྱེད་སྒོའི་སྟེང་གླུ་ལེན་སྤྲོ་ཚོགས་དང་དམངས་གླུ་ཚན་བགོས་འགྲན་སྡུར། ཤོམ་གོས་འཁྲབ་སྟོན། ལ་གཞས་ལེན་པ། རྩེད་རིགས་སྒྱུ་རྩལ་དཔྱད་གླེང་སོགས་འདུས། སྒྱུ་རྩལ་མི་སྣ་50ལྷག་བྱེད་སྒོར་ཞུགས།  བྱེད་སྒོ་འདི་དུས་ཡུན་ཉིན་གཉིས་རིང་ལ་སྤེལ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1