ལི་ཁེ་ཆང་གིས་སློབ་རའི་དྲག་སྤྱོད་ཐད་ལ་མཆན་བཀོད་འཛུབ་སྟོན་གལ་ཆེན་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-13


  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉེ་ལམ་ཐེངས་མང་བྱུང་བའི་སློབ་རའི་དྲག་སྤྱོད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་སློབ་ར་ནི་ཆེས་མཛེས་སྡུག་ལྡན་ཞིང་ཆེས་བདེ་འཇགས་ཡིན་པའི་ས་ཆ་ཞིག་ཡིན་ནའང་། སློབ་རའི་དྲག་སྤྱོད་མང་དུ་བྱུང་བས་ནར་མ་སོན་པའི་བྱིས་པའི་ལུས་སེམས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཐེབས་པར་མ་ཟད། སྤྱི་ཚོགས་ཀུན་སྤྱོད་ཀྱི་ཚད་ཐིག་དང་བརྒལ་བ་རེད། སློབ་གསོ་པུའུ་ཡིས་འབྲེལ་ཡོད་གནད་དོན་ཐད་ནས་ཕྱོགས་མང་པོའི་བྱེད་ཕྱོགས་སྤྱོད་པ་དང་། ལྷག་པར་དུ་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་གཏང་བ་དང་སློབ་མའི་ཁྲིམས་སྐྱོང་སློབ་གསོ་ལ་ཤུགས་སྣོན་བྱས་ཏེ་མི་གཤིས་དང་ཚེ་སྲོག་ལ་མཐོང་ཆུང་བྱེད་པའི་བྱ་སྤྱོད་སྔོན་འགོག་བྱ་དགོས་ཞེས་བསྟན།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1