༄༅།། དུར་འདེབས་སྲོལ་ཐོག་མར་བྱུང་བའི་ལོ་རྒྱུས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཝེ་ཁེ་རིག་མཛོད་དྲ་བ། སྤེལ་དུས། 06-16


  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཆུང་ངུའི་དུས་ཀྱི་བློན་པོ། འདི་བོན་ལ་དགའ་བས་རྒྱལ་པོ་སྐུ་ན་མ་སོན་པའི་རིང་འདིས་སུ་ཆོས་བྱེད་པ་ཕོ་རེབ་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་བཅད། བློན་ཆེན་ཆོས་ལ་དགའ་བ་མང་བལ་གཉིས་ལ་བཀྱོན་ཕབ་སྟེ་བོད་ནག་པོར་བཏང་། སྐབས་དེར་གསེར་གྱི་ཤཱཀྱ་མུ་ནེ་བྱེ་དོང་དུ་སྦས་པ་དང་། མཁར་བྲག་དང་མགྲིན་བཟང་གི་ལྷ་ཁང་སོགས་བཤིག ལྷ་ས་གཙུགས་ལག་ཁང་དུ་བཤས་ར་བྱས་པར་གྲགས། མཐར་རྒྱལ་པོ་དང་ཆོས་ལ་དགའ་བའི་བློན་པོ་རྣམས་གྲོས་མཛད་ནས་མ་ཞང་གྲོམ་པ་སྐྱེས་སྟོད་ལུང་དང་སྟག་ར་ཀླུ་གོང་འཕན་པོར་རྒྱལ་པོའི་སྐུ་གླུད་དུ་བརྫངས་ནས་གསོན་པོར་དུར་དུ་བཅུག་ཅེས་ལོ་རྒྱུས་ཡིག་ཚང་དུ་གསལ། སྐབས་དེར་གསོན་པོར་དུར་འཇུག་ཟེར་བ་ནི་མི་གསོན་པོར་སྦས་ཏེ་བསད་པ་མ་ཡིན་པར་མི་དང་འཕྲད་མི་ཆོག་པ་དང་། དུར་མཆོད་བྱེད་པོ་དང་དུར་དུ་གནས་པ་རྣམས་ལྟོ་དང་གོས་སོགས་མཁོ་བའི་ཡོ་ཆས་སྐྱེལ་མི་དུར་སར་ཡོང་སྐབས་ཐག་རིང་ནས་དུང་ཞིག་གཏོང་དགོས། རང་རང་གི་ཁྱིམ་དུ་ཡིབ་ནས་སྡོད་དགོས། ཁོང་ཚོ་ཕྱིར་ལོག་རྗེས་གཤིན་པོའི་མིང་ཅན་རྣམས་ཕྱིར་ཐོན་ནས་རང་རང་ལ་ཐོབ་འོས་པའི་ཟས་གོས་ལ་ལོངས་སུ་སྤྱོད། ཁོ་ཚོའི་སྒོ་ཕྱུགས་སེམས་ཅན་ལ་ཤི་བའི་མཚན་མ་བཏབ་ཡོད་པས་གསོན་པོ་སུས་ཀྱང་བདག་ཉར་མི་བྱེད། དེས་ན་གོང་གསལ་གྱི་བློན་པོ་གཉིས་གསོན་པོར་དུར་དུ་བཅུག་ཅེས་པ་དེའང་དེ་ལྟར་ཡིན་པ་ཤེས་དགོས་སོ། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1