བོད་ཡིག་རྩོམ་རིག་དུས་དེབ་ཀྱི་བརྗེ་རེས་ཚོགས་འདུ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་བསྡུས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 06-16


            ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་རིག་རྩལ་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་རིག་རྩལ་བརྗེ་རེས་ལ་ཤུགས་སྣོན་དང་བོད་ཡིག་རྩོམ་རིག་གསར་རྩོམ་གོང་འཕེལ་གྱི་གནས་བབ་ལ་སྐུལ་འདེད་གཏང་བ། དེ་མིན་གནས་བབ་གསར་པའི་འོག་གི་བོད་ཡིག་རྩོམ་རིག་དུས་དེབ་ཀྱི་འཕེལ་རྒྱས་གནས་བབ་ལ་ཞིབ་འཇུག་དང་ཕུལ་བྱུང་རིག་རྩལ་མི་སྣ་སྐྱེད་སྲིང་གསོ་སྐྱོང་བྱས་ནས། བོད་ཡིག་རྩོམ་རིག་བྱ་གཞག་དར་སྤེལ་གཏང་ཆེད། སྤྱི་ཟླ་6པའི་ཚེས་14ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་བོད་རིག་རྩོམ་རིག་དུས་དེབ་ཀྱི་བརྗེ་རེས་ཚོགས་འདུ་བསྡུས།

               ཀན་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་ཚོགས་འདུ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། ཀྲུང་གོ་རྩོམ་པ་པོའི་ལྷན་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཡ་ཧྥེ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཐའོ། ཀན་སུའུ་ཞིང་ཆེན་རྩོམ་རིག་མཐུན་ཚོགས་རྩོམ་རིག་དང་སྒྱུ་རྩལ་གཞུང་ལུགས་ཞིབ་འཇུག་ཁང་གི་ཀྲུའུ་རེན། རིག་རྩལ་དཔྱད་བརྗོད་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲང་ཚུན་ཞུའེ།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་རིན་ཆེན་རྡོ་རྗེ་བཅས་ཀྱིས་གཏམ་བཤད་གནང་། ཀན་ལྷོ་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཝང་ཡུང་ཅིའུ་ཡིས་མཛད་སྒོར་གཙོ་སྐྱོང་བྱས།། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1