ལྗིད་ཚད་ཁེ་ལ་སྟོང་ལ་བུད་པའི་རྡོ་རྗེ་ཕ་ལམ་དཀོན་པོ་ཞིག་མི་འགྱངས་བར་ཧབ་ཚོང་རྒྱག་རྒྱུ་རེད།

ཤེས་བྱས་བསྒྱུར། རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 06-17


        སོ་ཌི་བྷེ་སི་ཧབ་ཚོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལྗིད་ཚད་ལ་ཁེ་ལ་1109ཡོད་པའི་རྡོ་རྗེ་ཕ་ལམ་ཞིག་སྤྱི་ཟླ་6པའི་ཚེས་29ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ནས་ཧབ་ཚོང་རྒྱག་རྒྱུ་ཡིན་ཞིང་། དེའི་ཐོག་མའི་ཚོད་བསྒམ་རིན་གོང་ནི་མེ་སྒོར་ཁྲི་7000ཡིན། རྡོ་རྗེ་ཕ་ལམ་དེའི་མིང་ལ་”ང་ཚོའི་འོད།”ཟེར་ཞིང་འདི་ནི་ལོ་རྒྱུས་སྟེང་ཆེ་ཆུང་ལ་དེ་འདྲ་ཡོད་པའི་རྡོ་རྗེ་ཕ་ལམ་གྱི་མ་བཅོས་རྡོ་ཧབ་ཚོང་བརྒྱབ་པ་ཐེངས་དང་པོར་འགྱུར་ངེས། སོ་ཌི་བྷེ་སི་ཧབ་ཚོང་ཁང་གིས་བཤད་པ་ལྟར་ན། འདི་ནི་ཉེ་བའི་ལོ་ངོ་ཆིག་བརྒྱའི་རིང་ལ་གསར་རྙེད་བྱུང་བའི་ནོར་རྡོའི་རིམ་པ་ལས་ཆེས་ཆེ་བའི་རྡོ་རྗེ་ཕ་ལམ་གྱི་མ་བཅོས་རྡོ་ཡིན་པ་རེད། །

   
                                             


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1