གཟི་ཚ་སྡེ་དགུའི་རི་བསང་རིག་གནས་དུས་ཆེན་འགོ་ཚུགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-17


           2016ལོའི་ཟླ་6པའི་ཚེས་15ཉིན་ནས་ཚེས་19བར། གཟི་ཚ་སྡེ་དགུས་མཛེས་ལྗོངས་ཁུལ་དུ་དུས་ཡུན་ཉིན་ལྔ་རིང་གི་“རི་ཆུ་ལ་རྣམ་ཤེས་ཡོད་པ་དང་། བཀའ་དྲིན་རྗེས་སུ་དྲན་པ། རི་ཆུ་ལ་མཆོད་བཀུར་བྱེད་པ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་རི་བསང་རིག་གནས་དུས་ཆེན་སྤེལ།

           ཐེངས་འདིའི་རིག་གནས་དུས་ཆེན་གྱི་དམིགས་ཡུལ་ནི་རི་བསང་རིག་གནས་དུས་ཆེན་གྱི་སྟེགས་བུ་བརྒྱུད་དེ། སྔར་ལས་ལྷག་པའི་སྒོ་ནས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དང་མཐའ་འཁོར་སྡེ་ཁུལ་གྱི་སྡོད་མིའི་བར་གྱི་མཉམ་སྤེལ་དང་། འབྲེལ་གཏུག་གམ་བརྗེ་རེས་ལ་ཤུགས་སྣོན་བརྒྱག་པ་དང་། མཛེས་ལྗོངས་ཁུལ་ཕྱི་ནང་གི་བོད་རིགས་གྲོང་ཚོའི་མཛའ་བཤེས་ཇེ་ཟབ་ཏུ་གཏང་བ། ས་གནས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཡར་སྐུལ་བྱས་ནས། གཟི་ཚ་སྡེ་དགུའི་མི་དམངས་ཀྱི་འཚོ་བར་འབྱོར་ཕྱུག་ལྡན་པ་དང་། ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡིན་པ། རིག་གནས་འཚོ་བ་སྣ་མང་ཕུན་སུམ་ཚོགས་པའི་རྣམ་པ་གསར་པ་གང་ལེགས་སྒོས་མངོན་པར་བྱས་ནས། གཟི་ཚ་་སྡེ་དགུའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། རང་བྱུང་ཁམས་ལ་དགའ་ཞེན་དང་དྲིན་ཚོར་གྱི་བརྩེ་དུང་མཚོན་པར་བྱས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1