ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཀྱི་ཤམ་བྷ་ལ་ཆེན་པོའི་ས་ཁོངས་གྱི་ཡུལ་སྐོར་ལྗོངས་ཁུལ་མཉམ་གཏོད་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-17


            ཉིན་ལྔའི་དུས་ཡུན་གྱི་སྐབས་དང་པོའི་ཤམ་བྷ་ལའི་ས་ཁོངས་(ཞིང་ཆེན་གསུམ་དང་གྲོང་ཁྱེར་རམ་རྫོང་11)ཡུལ་སྐོར་མཉམ་ལས་ཚོགས་འདུ་ཚོགས་ཆེན་དང་2016ལོའི་ཀྲུང་གོའི་ཤམ་བྷ་ལའི་ཟླ་ལྔ་པའི་མི་རིགས་སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོ་ཚེས་13ཉིན་མཇུག་སྒྲིལ།

            ཚོགས་འདུའི་ཐོག་ཤམ་བྷ་ལའི་ས་ཁོངས་ཡུལ་སྐོར་མཉམ་ལས་མནའ་འབྲེལ་དངོས་སུ་ཚུགས་པ་ཁྱབ་བསྒྲགས་བྱས་ཤིང་། ཤམ་བྷ་ལ་ཆེན་མོའི་ཡུལ་སྐོར་བརྗོད་གཞི་གཙོ་བོར་བྱས་པ་དང་། མཉམ་འབྲེལ་དང་། ཕན་ཚུན་མཉམ་འདྲེས། གཉིས་ཕན་བཅས་དམིགས་ཡུལ་དུ་བཟུང་སྟེ། ཤམ་བྷ་ལའི་རིག་གནས་ནང་བཅུད་ཕུན་སུམ་ཇེ་ཚོགས་དུ་གཏང་བ་དང་། ཤམ་བྷ་ལའི་སྤུས་རྟགས་ཇེ་མཐོར་བཏང་སྟེ་ཤམ་བྷ་ལའི་ཡུལ་སྐོར་ཐོན་ལས་ཇེ་ཆེར་ཇེ་སྟོབས་སུ་གཏང་དགོས་པ་རེད། མཉམ་འབྲེལ་གྱིས་བསྒྲགས་གཏམ་སྤེལ་བ་བརྒྱུད་ཐུན་མོང་གིས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལྟ་སྐུལ་སྤེལ་པ་དང་། མཉམ་དུ་ཡུལ་སྐོར་གཉེར་སྐྱོང་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏང་དགོས་ཞེས་དམ་བཅའ་ཁས་ལེན་བྱས།

            མནའ་འབྲེལ་འདི་ཡུན་ནན་གྱི་ནུབ་བྱང་ཕྱོགས་དང་སི་ཁྲོན་གྱི་ལྷོ་ནུབ་ཕྱོགས། བོད་ལྗོངས་ཀྱི་ཤར་ལྷོའི་ས་ཁུལ་བཅས་ལྗོངས་དང་ཞིང་ཆེན་གསུམ་གྱི་གྲོང་ཁྱེར་རམ་རྫོང་11ཏུ་ཁེབས་ཡོད། དེའི་ནང་དུ་ཡུན་ནན་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་། འབའ་ཐང་རྫོང་། ཡུ་ལུང་རྫོང་དང་། སི་ཁྲོན་གྱི་སྡེ་རོང་རྫོང་དང་ཕྱག་ཕྲེང་རྫོང་། འདབ་པ་རྫོང་། འབའ་ཐང་རྫོང་། མུ་ལི་རྫོང་། བོད་རང་སྐྱོང་ལྗོངས་ཀྱི་སྨར་ཁམས་རྫོང་སོགས་འདུས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1