རྔ་བ་ཁུལ་གྱི་བུད་མེད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་གི་འགྲན་བསྡུར་སྔོན་གྱི་སྦྱོང་བརྡར་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བ་གསར་འགྱུར། སྤེལ་དུས། 06-20


         ཉེ་སྔོན། རྔ་བ་ཁུལ་གྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་གིས་གོ་རིམ་ལྡན་པའི་ངང་ནས་སྦྱོང་བརྡར་བྱས་ནས། ཧུར་ཐག་སྒོས་ད་ལོའི་ཟླ་བདུན་པ་ནས་འགོ་བརྩམས་རྒྱུ་ཡིན་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གཉིས་ལ་གྲ་སྒྲིག་བྱེད་བཞིན་ཡོད། གཅིག་ནི་སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་ཏ་ཀྲུའུ་ནས་གཉེར་པའི་སི་ཁྲོན་ཞིང་ཆེན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་། གཅིག་ནི་སན་ཐེ་རུ་གཉེར་པའི་སི་ཁྲོན་ཞིང་ཆེན་སློབ་རའི་རྐང་རྩེད་སྤོ་ལོ་ཕུལ་བྱུང་སྦྱོང་བརྡར་རེད།

         རྒྱུས་ལོན་བྱུང་བ་ལྟར་ན། རྔ་བ་ཁུལ་གཟི་ཚ་སྡེ་དགུའི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ནི་2007ལོའི་ཟླ་3པར་བཙུགས་ཤིང་། དེ་ནི་རྒྱལ་ཡོངས་བོད་ཁུལ་གྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་ཐོག་མ་ཡིན། ཞིང་ཆེན་བུད་མེད་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ལས་ཨང་གཉིས་པ་དང་། རྒྱལ་ཡོངས་ན་གཞོན་བུད་མེད་རྐང་རྩེད་སྤོ་ལོའི་གདན་འདྲེན་འགྲན་སྡུར་ལས་ཨང་དང་པོ། ཞིང་ཆེན་བུད་མེད་རྐང་རྩེད་སྤོ་ལོའི་གནས་གཞིའི་འགྲན་བསྡུར་ལས་ཨང་དང་པོ་སོགས་ཀྱི་བྱ་དགའ་མང་པོ་ཐོབ་མྱོང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1