གློག་བརྙན་《བདེ་ལན།》ལ་ཧྲང་ཧའེ་གློག་བརྙན་དུས་ཆེན་སྟེང་ཅིན་ཇའེ་རྟགས་མའི་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།རིག་རྩལ་གསར་འགྱུར། སྤེལ་དུས། 06-21


                གློག་བརྙན་ལེ་ཚན་ལྟེ་གནས་ཀྱིས་སྣེ་ཁྲིད་ཕབ་སྐྲུན་བྱས་པའི་གློག་བརྙན་《བདེ་ལན།》ལ་། ཉེ་སྔོན་མཇུག་རྫོགས་མ་ཐག་ཡིན་པའི་སྐབས་བཅུ་དགུ་པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ཅིན་ཇའེ་རྟགས་མའི་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ། འདི་ནི་གློག་བརྙན་ལེ་ཚན་ལྟེ་གནས་ཀྱི་ཕབ་སྐྲུན་གློག་བརྙན་ལ་རྒྱལ་སྤྱིའི་རིགས་Aཅན་གྱི་གློག་བརྙན་དུས་ཆེན་གྱི་བྱ་དགའ་ཐོག་མ་དང་། 2002ལོའི་རྗེས་ནས་ཀྲུང་གོའི་ནང་ལོག་ས་ཁུལ་གྱི་གློག་བརྙན་ལོ་ངོ་14འགོར་རྗེས་ཡང་བསྐྱར་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ་པ་རེད། གློག་བརྙན་དེ་འཁྲབ་ཁྲིད་པ་གྲགས་ཅན་ལིའུ་ཅེ་ཡིས་འཁྲབ་ཁྲིད་དང་། ཏུང་ཙུ་ཅེའན། བདེ་སྐྱིད་གཉིས་ཀྱིས་གཙོ་འཁྲབ་བྱས། དེ་སྔོན། གློག་བརྙན་དེར་སྐབས་52པའི་གསེར་གྱི་གྱི་ལང་རྟགས་མའི་ཕུལ་བྱུང་གཙོ་འཁྲབ་པའི་བྱ་དགའ་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1