ལི་ཁེ་ཆང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ལ་རྟོག་ཞིབ་གནང་བར་མ་ཟད་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-22


  སྤྱི་ཟླ6པའི་ཚེས་20ཉིན།  ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱབ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ནང་ལ་རྟོག་ཞིབ་གནང་བར་མ་ཟད་
བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་།   
  ལི་ཁེ་ཆང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་སྤྱི་ཁྱབ་དངུལ་ཁང་དུ་ཕེབས་ནས་དངུལ་ཁང་འདི་ཡིས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ་དང་ཚོང་གཉེར་དཔྱ་ཁྲལ་འཕར་སྣོནདཔྱ་ཁྲལ་ལ་བསྒྱུར་བ་ལག་བསྟར་དང་དམངས་ཀྱིས་ལས་གཏོད་བྱེད་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་ཞུབས་ཞུ་བསྒྲུབ་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་དངུལ་རྩ་ནི་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཡིན་ལ།  ཁྱོན་ཡོངས་ནས་ཚོང་གཉེར་དཔྱ་ཁྲལ་འཕར་སྣོན་དཔྱ་ཁྲལ་དུ་བསྒྱུར་བའི་ཚོད་ལྟ་ཁུལ་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ངེས་པར་དུ་དངུལ་རྩའི་ལས་རིགས་ཀྱི་དཔྱ་ཁྲལ་ཁུར་བོ་ཇེ་ཡང་དུ་གཏང་བ་ལས་ཇེ་ལྕིར་གཏོང་མི་རུང་། ཚོང་ལས་དངུལ་ཁང་གིས་ཀྱང་་ཁྲོམ་རའི་དགོས་མཁོར་དམིགས་ནས་རྒྱུན་ཆད་མེད་པར་དངོས་གཞི་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་སོགས་ལ་ཞབས་ཞུ་བསྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1