​ཁྲོན་བོད་ཚད་ལྡན་ཅན་གྱི་ཞིབ་འཇུག་ལས་ཁུངས་ཀྱིས་ལག་རྩལ་གྱིས་བོད་ལྗོངས་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ལ་རྒྱབ་སྐྱོར་བྱས་པ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། 06-23


  མིག་སྔར། སི་ཁྲོན་དང་བོད་ལྗོངས་ཀྱི་ཚད་ལྡན་ཅན་གྱི་ཞིབ་འཇུག་ལས་ཁུངས་ཀྱིས་ས་ཁམས་མཚོན་རྟགས་ཐོན་རྫས་ས་གནས་ཀྱི་ཚད་གཞི་བཟོ་འགོད་ལག་རྩལ་གྱི་མཉམ་ལས་གྲོས་མཐུན་བྱུང་། ཕྱོགས་གཉིས་ཀྱིས་བོད་ལྗོངས་ཀྱི་ས་ཁམས་མཚོན་རྟགས་ལ་སྲུང་སྐྱོབ་ཐེབས་པའི་ཐོན་རྫས་རིགས་10ཡི་ས་གནས་སྲིད་གཞུང་དང་མཉམ་དུ། ས་ཁམས་མཚོན་རྟགས་ལྡན་པའི་ཐོན་རྫས་ཐོན་སྐྱེད་ལག་རྩལ་སྒྲིག་སྲོལ་དང་ཐོན་རྫས་སྤུས་ཀའི་ཚད་གཞི་བཟོ་འགོད་མངགས་བཅོལ་ལག་རྩལ་ཞབས་ཞུར་གྲོས་མཐུན་བྱུང་།
  གྲོས་འཆམ་དེ་ལས་བོད་ལྗོངས་ཀྱི་ས་ཁམས་ཐོན་རྫས་ལ་མཚོན་རྟགས་སྲུང་སྐྱོབ་ཀྱི་ཆོག་མཆན་ཐོབ་པའི་ལག་རྩལ་ཚད་ལྡན་མ་ལག་འཛུགས་སྐྲུན་ཐད་ཀྱི་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཞིང་། བོད་ལྗོངས་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་སྙན་གྲགས་དང་ཟུར་སྣོན་རིན་ཐང་། ཁྲོམ་རའི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་གཏང་ཆེད་དང་། ཁྱད་ལྡན་ཐོན་ཁུངས་ཀྱི་བཟང་ཆ་དེ་དཔལ་འབྱོར་བཟང་ཆ་རུ་སྒྱུར་བར་སྐུལ་འདེད་བཏང་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤུས་འབོར་འགན་ལེན་ཞབས་ཞུར་ལག་རྩལ་གྱི་རྒྱབ་སྐྱོར་བྱས།། 


རྩོམ་ཡིག་སྔོན་མ།
༄༅།། མོ་ནད་སྨན་གྱི་སྡེ་ཚན།
རྩོམ་ཡིག་རྗེས་མ།
༄༅།། ཡར་འབྲོག་གཡུ་མཚོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1