དཀར་མཛེས་ཁུལ་དུ་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་བསྡུ་སྒྱུར་བཅོས་ཀྱི་བྱ་ཐབས་གསར་པ་བཏོན་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-23


    སྤྱི་ཟླ་6པའི་ཚེས་21ཉིན། དཀར་མཛེས་ཁུལ་དུ་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་བསྡུ་ལས་ཀའི་བརྙན་འཕྲིན་ཚོགས་འདུ་འཚོགས་ནས། སློབ་བསྡུ་སྒྱུར་བཅོས་ཀྱི་བྱ་ཐབས་གསར་པ་ཁག་བཞི་བཏོན། 
    གཅིག འབྲིང་རྒྱུགས་རྒྱུགས་འབྲས་ཐོན་རྗེས། སྐར་གྲངས་ལ་གཞིར་བྱས་ནས་རེ་འདུན་འབྲི་བ་ལག་བསྟར་བྱ་རྒྱུ། 
    གཉིས། ཡུལ་དངོས་སུ་གཅིག་གྱུར་སྒོས་སློབ་མ་བསྡུ་རྒྱུ་ཡིན་ལ། སློབ་མ་བསྡུས་རྗེས་ཕྱིར་འཐེན་བྱེད་མི་ཆོག་པ་དང་སློབ་བསྡུ་བརྗེ་རེས་བྱེད་མི་ཆོག
   གསུམ། དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་གི་རེ་འདུན་དེ་ཁག་དང་པོའི་སློབ་བསྡུས་ནང་འཇོག་པ་དང་། དམངས་ཕྱུག་ཁམས་བདེའི་ནང་ལོག་དཀར་མཛེས་འཛིན་གྲྭ་དང་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་གི་ཆ་བགོས་སློབ་བསྡུ་གཉིས་ཆ་བགོས་སློབ་བསྡུའི་རེ་འདུན་ལ་ཟླ་སྒྲིལ་བྱས་ནས། ཁག་གཉིས་པའི་ནང་བཞག་ནས་སློབ་བསྡུ་བྱ་རྒྱུ་རེད།
     བཞི། དཀར་མཛེས་ཁུལ་ཡོངས་ཀྱི་གཞུང་གཉེར་མཐོ་འབྲིང་དཀྱུས་མའི་སློབ་གྲྭས་སློབ་གྲྭ་འདེམས་པའི་སློབ་མ་བསྡུ་རྒྱུ་མེད་པར་བཟོས་ཏེ། སློབ་གྲྭ་འདེམས་པའི་སློབ་མའི་འཆརགཞི་དེ་གཅིག་གྱུར་སློབ་བསྡུ་འཆར་གཞིའི་ནང་དུ་འཇོག་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1