རྔ་བ་ཁུལ་ཟུང་ཆུ་རྫོང་གི་སློབ་མ་5ཆུར་ནུབ་ཏེ་རྐྱེན་ལམ་དུ་ཤོར།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-23


     སྤྱི་ཟླ་6པའི་ཚེས་17ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་སྲིད་གཞུང་པོད་འཕྲིན་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེའི་སྔ་དྲོར། ཟུང་ཆུ་རྫོང་དུ་སློབ་མ་5ཆུར་ནུབ་ཏེ་རྐྱེན་ལམ་དུ་ཤོར། འབྲིང་རྒྱུགས་མཇུག་རྫོགས་མ་ཐག་བའི་ད་ལོའི་མཐར་ཕྱིན་སློབ་མ་5ཆུ་འགྲམ་དུ་སོང་ནས་ཆུ་རྩེད་བྱེད་སྐབས་སྟབས་མ་ལེགས་པར་ཆུར་ནུབ་ཏེ་རྐྱེན་ལམ་དུ་ཤོར། རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེར་ཟུང་ཆུ་རྫོང་སློབ་འབྲིང་གི་དམའ་འབྲིང་གསུམ་པའི་འཛིན་གྲྭ་གཉིས་པའི་ད་ལོའི་མཐར་ཕྱིན་སློབ་མ་མི་གྲངས་21ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་གྱི་ཉེ་འགྲམ་དུ་རྩེད་མོར་ཕྱིན་ཞིང་། དེའི་ནང་མི་5ཆུ་རྩེད་ལ་རོལ་སྐབས་ཆུར་ནུབ་ཏེ་རྐྱེན་ལམ་དུ་ཤོར།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1