མཛོད་དགེ་རྫོང་གིས་བོད་སྨན་བདུད་རྩི་བཟོ་བའི་གསོ་སྦྱོང་འཛིན་གྲྭ་བཙུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར། སྤེལ་དུས། 06-24


      ཉེ་ཆར། མཛོད་དགེ་རྫོང་བོད་སྨན་ཁང་གིས་2016ལོའི་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གསོ་རིགས་སྨན་རྫས་རྒྱུན་མཐུད་སློབ་གསོའི་ལས་གཞི་བོད་སྨན་བདུད་རྩི་བཟོ་བའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་དང་རིག་གཞུང་དཔྱད་གླེང་ཚོགས་འདུ་འཚོགས། བསྟན་ཁོ་དང་སྐལ་བཟང་། ཚེ་བཀྲ ཐུབ་བསྟན་རྒྱ་མཚོ། དཔལ་ལྡན་རྒྱ་མཚོ་སོགས་བོད་སྨན་གསོ་རིགས་ཐད་ཀྱི་ཆེད་མཁས་པས་བོད་སྨན་བདུད་རྩིའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་སྨན་རྫས་སྡེབ་སྦྱོར་སོགས་ཀྱི་ལས་ཀའི་ཐད་ནས་གསལ་འགྲེལ་གནང་།

        གངས་ལྗོངས་ཀྱི་ངོ་མཚར་རིག་གནས་ཅེས་བརྗོད་པའི་བོད་ཀྱི་གསོ་རིགས་ལ་ལོ་ངོ་2300ལྷག་གི་བྱུང་འཕེལ་གྱི་ལོ་རྒྱུས་ལྡན་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་འཕེལ་རྒྱས་རྒྱུད་རིམ་གྱི་ཁྲོད་དུ་གཅོང་ནད་སྨན་བཅོས་དང་ཕོག་སླ་བའི་ནད་སོགས་སྨན་བཅོས་བྱེད་པའི་ཐད་དུ་ནུས་པ་ལྡན་པ་རེད། སྤྱི་ལོ1988ལོར་རྒྱལ་ཁབ་རིམ་པའི་བོད་ཀྱི་གསོ་རིགས་ཆེད་མཁས་པ་དང་སི་ཁྲོན་ཞིང་ཆེན་གྱི་སྐབས་དང་པོའི་མིང་དུ་གྲགས་པའི་གསོ་རིགས་མཁས་དབང་བློ་མཐུན་བསྟན་ཁོ་དང་བོད་སྨན་ཁང་གཞན་པའི་ཆེད་མཁས་པ་ཁག་ཅིག་གིས་རྒྱུན་འཁྱོངས་དང་རོགས་སྐྱོར་གྱི་འོག མཛོད་དགེ་རྫོང་གིས་བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཁང་གི་བོད་ཀྱི་གསོ་རིགས་ཆེད་མཁས་པ་གདན་འདྲེན་བྱས་ཏེ་བོད་སྨན་སྨན་རིགས་བདུད་རྩིའི་ཞིབ་བཟོ་ལས་ཀ་གཉེར། མཛོད་དགེ་རྫོང་བོད་སྨན་ཁང་དེ་བོད་རང་སྐྱོང་ལྗོངས་ཕུད་པའི་བོད་སྨན་ཁང་གི་གྲས་ལས་བོད་སྨན་བདུད་རྩི་བཟོ་བའི་སྨན་ཁང་ཅིག་དུ་གྱུར་ཡོད་པ་དང་། མཛོད་དགེ་བོད་སྨན་ཁང་གིས་དུས་རྒྱུན་དུ་ལོ་རེ་ལ་སྨན་རྫས་བདུད་རྩི་ཞིབ་བཟོས་ལས་ཀ་ཐེངས་ཅིག་རེ་གཉེར་བཞིན་ཡོད། དུས་ད་ལྟའི་བར་དུ་བོད་སྨན་བདུད་རྩི་སྤེལ་ཐེངས་བཅོ་ལྔ་གཉེར་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1