ཡུན་ནན་བདེ་ཆེན་ཁུལ་གྱི་མི་རིགས་གྱོན་ཆས་ཁེ་ལས་ཀྱི་ཐོན་རྫས་ཧྲང་ཧའེ་རུ་འགྲེམས་སྟོན་བྱས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཡུན་ནན་གསར་འགྱུར། སྤེལ་དུས། 06-27


         ཉེ་ཆར། རྣམ་པར་བཀྲ་བའི་ཡུན་ནན་རྒྱལ་སྤྱིའི་མི་རིགས་གྱོན་ཆས་འགྲན་བསྡུར་རིག་གནས་དུས་ཆེན་ཧྲང་ཧའེ་རིམ་པའི་བྱེད་སྒོ་དེ་ཧྲང་ཧའེ་ཨེ་ཤེ་ཡ་ཤར་མའི་འགྲེམས་སྟོན་ཁང་དུ་གཟབ་རྒྱས་ངང་སྤེལ། ཐེངས་འདིའི་བྱེད་སྒོ་ནི་ཡུན་ནན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་རིག་གནས་ཐོན་ལས་གཞུང་དོན་ཁང་། ཞིང་ཆེན་རིག་གནས་ཐིང་། ཡུན་ནན་སྒྱུ་རྩལ་སློབ་གླིང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ལ་དེས་ཡུན་ནན་ཞིང་ཆེན་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་གང་ལེགས་མཚོན་ཡོད།

       བྱེད་སྒོའི་ཁྲོད། ཡུན་ནན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར་16གི་མི་རིགས་རས་གོས་སྒྱུ་རྩལ་ཁེ་ལས་45ཡིས་སོ་སོའི་ཐོན་རྫས་འགྲེམས་སྟོན་བྱས་པ་དང་། དེ་དག་ལས་བདེ་ཆེན་ཁུལ་ཡི་ཁེ་ལས་གསུམ་གྱིས་སྤོས་དང་། ཐང་ག བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་སོགས་ཁྱོན་ཐོན་རྫས་བཅུ་ལྷག་ཙམ་འགྲེམས་སྟོན་བྱས་ཤིང་། མི་རིགས་ཀྱི་ཁྱད་ཆོས་དང་ཕུལ་དུ་བྱུང་བའི་བཟོ་རྩལ་ལ་ཚོང་པ་དང་རྒྱ་ཆེའི་འཛད་སྤྱོད་པའི་གདེང་འཇོག་མི་དམན་པ་ཐོབ། འགྲེམས་སྟོན་བྱེད་སྐབས་ཁེ་ལས་གསུམ་གྱིས་དྲིལ་བསྒྲགས་ལག་དེབ་དང་མིང་བྱང་2000ལྷག་ཙམ་སྤྲད་དེ་སྐུ་མགྲོན་མི་ཐེངས་1500ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

         ཐེངས་འདིའི་བྱེད་སྒོར་ཞུགས་པ་བརྒྱུད་བདེ་ཆེན་ཁུལ་ཡི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་ནས“སེམས་ཀྱི་ཉི་ཟླའི”ཚོང་རྟགས་གཟུགས་བརྙན་སྔར་ལས་གོང་འཕེལ་དུ་བཏང་བ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1