དབྱི་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུས་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-27


     ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་དབྱི་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་121པར་གཙོ་སྐྱོང་གནང་ནས། སྤྱི་ཚོགས་སྨན་བཅོས་སྒྲུབ་གཉེར་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མྱུར་སྐྱེལ་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
     ཚོགས་འདུའི་ཐོག་《སྤྱི་ཚོགས་དུ་སྨན་བཅོས་སྒྲུབ་གཉེར་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》གཞི་རྩའི་ཐོག་གྲོས་འཆམ་བྱུང་སྟེ། འཆར་འགོད་སྤྱི་དང་སྒྲིག་གཞི་དང་འཚམས་པའི་ཆ་རྐྱེན་འོག སྤྱི་ཚོགས་ཀྱིས་སྨན་བཅོས་སྒྲིག་གཞིའི་སྒྲུབ་གཉེར་བྱེད་པའི་སྤྱིའི་གྲངས་འབོར་དང་ས་གནས་ཀྱི་བཀག་རྒྱ་ཁག་མེད་པར་བཟོ་རྒྱུ་དང་། སྤྱི་ཚོགས་ཀྱིས་སྨན་བཅོས་སྒྲིག་གཞིའི་སྒྲུབ་གཉེར་བྱེད་པར་ཞིབ་མཆན་འགོད་པར་ས་གནས་རང་བཞིན་གྱི་དོ་དམ་ལག་བསྟར་བྱེད་རྒྱུ།རྒྱལ་ནང་དང་ཕྱི་ཕྱོགས་མཉམ་འབྲེལ་བྱེད་པ་ཕུད།ཤང་ཀང་དང་ཨའོ་མིན།ཐེ་ཝན་སོགས་ཀྱི་སྨན་བཅོས་སྒྲིག་གཞི་དེ་ཞིང་ཆེན་རིམ་པའི་འཕྲོད་བསྟེན་འཆར་ལྡན་སྡེ་ཁག་གིས་ཞིབ་མཆན་འགོད་རྒྱུ།དེ་མིན་གཞན་པའི་སྤྱི་ཚོགས་ཀྱི་སྨན་བཅོས་སྒྲུབ་གཉེར་ལ་ཞིབ་མཆན་འགོད་པ་དེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྲིད་འཛིན་སྡེ་ཁག་གིས་སྒྲུབ་དགོས་པ་བཅས་གསལ་བོར་བཏོན། བསམ་འཆར་ལས་སྤྱི་ཚོགས་སྨན་བཅོས་སྒྲུབ་གཉེར་གྱིས་སྤྱི་བཙུགས་སྨན་ཁང་གིས་གཅིག་གྱུར་བྱས་པའི་ལས་རིགས་ཡོངས་ཀྱི་དཔྱད་ཞིབ་གདེང་འཇོག་ཚད་གཞི་ལག་བསྟར་བྱས་ནས།སྨན་བཅོས་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་བཙུགས་ཏེ།དུས་ཚོད་ངེས་གཏན་གྱི་ནང་དུ་སྤྱི་ཚོགས་དུ་སྨན་བཅོས་སྒྲུབ་གཉེར་བྱེད་པའི་གནས་ཚུལ་སྤྱི་བསྒྲགས་བྱེད་པ།དེ་མིན་ཁ་དན་ཚིག་ལ་མི་གནས་མཁན་ལ་དུས་སྐབས་གཅིག་རེའི་ནང་དུ་ལས་ཞུགས་བྱེད་མི་ཆོག་པ་སོགས་ཀྱི་ཁྲིམས་ཆད་གཅོད་པའི་བྱེད་ཐབས་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
     ཚོགས་འདུའི་ཐོག་དུ་མྱུར་སྐྱེལ་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་དང་། སྲིད་གཞུང་གིས་སྤྱི་ཚོགས་ལ་སྤྱིརིག་གནས་ཞབས་ཞུའི་སྟོབས་ཤུགས་མཁོ་འདོན་བྱེད་པའི་ལག་བསྟར་བསམ་འཆར་གྱི་སྐོར་ལ་གཞི་རྩིའི་ཐོག་དུ་གྲོས་འཆམ་བྱུང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1