རྔ་བ་ཁུལ་གྱི་རྫོང་གསུམ་ཞིང་ཆེན་རིམ་པའི་ཞིང་འབྲོག་ལས་གཙོ་གནད་རྫོང་དུ་བདམས།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 06-29


    ཉེ་ཆར། ཕྱོགས་མང་པོའི་ཐད་ནས་འགྲན་བསྡུར་བྱས་པ་བརྒྱུད། རྔ་བ་ཁུལ་གྱི་ལི་རྫོང་དང་ཁྲོ་ཆུ་རྫོང་གཉིས་རེས་སྐོར་གསུམ་པའི་སི་ཁྲོན་ཞིང་ཆེན་གྱི་དེང་རབས་ཀྱི་ཞིང་ལས་གཙོ་གནད་རྫོང་དུ་བདམས་པ་དང་། བཙན་ལྷ་རྫོང་རེས་སྐོར་གསུམ་པའི་སི་ཁྲོན་ཞིང་ཆེན་གྱི་དེང་རབས་འབྲོག་ལས་གཙོ་གནད་རྫོང་དུ་བདམས། ཞིང་ཆེན་ནོར་སྲིད་ཐིང་གིས་གཙོ་གནད་རྫོང་སོ་སོར་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི་300བཏང་བ་དོན་འཁྱོལ་བྱུང་ཡོད།
ཐེངས་འདིའི་གཙོ་གནད་རྫོང་གི་འཛུགས་སྐྲུན་བྱ་བར་དམིགས་ཏེ། ལི་རྫོང་གིས་དེང་རབས་ཞིང་ལས་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་རྟེན་གཞི་མུའུ་20000ལྷག་ལ་བསྒྱུར་བཀོད་བྱས་ཤིང་། མུའུ་རེའི་ཡོང་འབབ་ཁེ་གཙང་སྒོར་200མང་དུ་བཏང་སྟེ་ལོ་རེའི་འབབ་འཕར་སྒོར་ཁྲི་400ཡན་ཟིན་པ་བྱ་རྒྱུ། ཁྲོ་ཆུ་རྫོང་གིས་གཅིག་སྡུད་སྒོས་ཤིང་ཏོག་དང་སྔོ་ཚལ་རྟེན་གཞི་མུའུ་2000བཙུགས་པ་དང་ཤིང་ཏོག་ཡོངས་སུ་སྨིན་སྐབས་མུའུ་རེར་འབབ་འཕར་སྒོར་5000ཡན་ལ་སླེབས་པ་བྱས་ཏེ། ལོ་རེའི་འབབ་འཕར་སྒོར་ཁྲི་750ཙམ་མངོན་འགྱུར་ཐུབ་པ་བྱ་རྒྱུ། བཙན་ལྷ་རྫོང་གིས་ལོ་རེར་ནོར་ཆེན་500ཡན་ཐོན་ཐུབ་པའི་ཚད་ལྡན་གསོ་སྤེལ་ར་བ་གཅིག་དང་ལོ་རེར་ནོར་ཆེན་100ཡན་ཐོན་ཐུབ་པའི་ཚད་ལྡན་གསོ་སྤེལ་ར་བ་5 ལོ་རེར་སྤུས་བཟང་ཕག་ཆེན་500ཡན་ཐོན་ཐུབ་པའི་ཚད་ལྡན་གསོ་སྤེལ་ར་བ་2བཅས་བསྐྲུན་ནས། ནོར་གྱི་ཤ་ཤེད་རྒྱས་ཡུན་ཐུང་དུ་བཏང་སྟེ་ལོ་རེའི་ཐོན་རྫས་ཀྱི་རིན་གོང་སྒོར་ཁྲི་800འཕར་སྣོན་བྱེད་ཐུབ་པ་བྱ་རྒྱུ།
སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1