༄༅།། བོད་ཀྱི་རྫ་བཟོའི་ལག་རྩལ།

ཨ་ནམ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 06-29


    དེ་ཡང་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་འབད་རྩོལ་ཆེན་པོས་འཚོ་གནས་ཀྱི་ཡོ་བྱད་སྒྲུབ་སྐབས། ལག་ཆའི་ཐོག་མ་ལ་རྡོ་ཆས་དང་། སྣོད་སྤྱད་ཀྱི་ཐོག་མ་ལ་རྫ་ཆས་བྱུང་སྟེ། མིའི་རིགས་འདི་ཉིད་ཆེས་ཐོག་མར་དཔལ་ཡོན་གྱི་ལམ་བུར་བསྐྱོད་མགོ་བརྩམས། ལྷག་པར་དུ་རྫ་བཟོའི་ལག་རྩལ་ནི་བཟོ་སྐྲུན་ཤེས་རིག་ཀུན་གྱི་ཆེས་ཐོག་མའི་ཤེས་རིག་སྒྱུ་རྩལ་དེ་ཡིན་ཞིང་། དེས་སྣེ་ཁྲིད་དང་ལམ་སྟོན་བྱས་ཏེ་རིམ་གྱིས་ཤེས་རིག་གི་རྣམ་གྲངས་མཐའ་ཡས་པ་ཞིག་འཕེལ་རྒྱས་བྱུང་ཡོད་ལ། དེ་ཡང་བོད་ཀྱི་རྫ་ཆས་ལག་རྩལ་ལ་མཚོན་ན་དེ་སྔོན་དངོས་སུ་གཏན་ཁེལ་གྱིས་དཔང་རྟགས་ཡོད་པ་ནི། ཆབ་མདོའི་མཁར་རོ་དང་། ལྷ་ས་ཆོས་གོང་། མཚོ་སྔོན་སོགས་བོད་ཀྱི་ཡུལ་གྲུ་ཁག་ནས་ཐོན་པའི་རྫ་ཆས་དག་ལ་མ་མཐར་ལོ་ལྔ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པ་མ་ཟད། དེའི་སྐབས་ཀྱི་རྫ་བཟོའི་ལག་རྩལ་ཡང་ཚད་ཧ་ཅང་མཐོན་པོར་སླེབས་ཡོད། འོན་ཀྱང་མི་ལོ་ཆིག་སྟོང་ཙམ་གྱི་རྗེས་ནས་བཟུང་བོད་ཀྱི་རྫ་བཟོའི་ལག་རྩལ་དེ་རིམ་གྱིས་ཉམས་རྒུད་དུ་སོང་ཡོད། ལྷག་པར་དུ་ཉེ་སྔོན་ཙམ་ལ་རྫ་བཟོའི་ལག་རྩལ་དེ་ཉིད་ནུབ་ལ་ཉེ་བའི་གནས་སུ་གྱུར་ཡོབ་་བཟོའི་ལག་རྩལ་དར་སྤེལ་ཆེད་ངེད་ཀུང་སིས་མི་ཤུགས་དང་དཔལ་འབྱོར་གྱི་འགྲོ་སོང་ཤུགས་ཆེན་བཏང་སྟེ་ལོ་བཅུ་ཙམ་གྱི་རིང་ལག་ལེན་དང་རིག་གཞུང་ཟུང་འབྲེལ་ཁྲོད་ཏུ་ཟབ་སྦྱོང་བྱས་པས། ད་ལྟ་གཞི་ནས་མི་ལོ་ཆིག་སྟོང་གོང་གི་ཚད་མཐོའི་རྫ་བཟོའི་ལག་རྩལ་དེ་རིག་གཞུང་དང་ལག་ལེན་ཟུང་དུ་སྦྲེལ་ཏེ་སླར་གསོ་དང་རྒྱུན་འཛིན་བྱས་ཡོད། ལྷག་པར་དུ་བོད་ཀྱི་གཡུ་རྩིའི་ལག་རྩལ་ནི་ལོ་ངོ་བརྒྱ་ལྷག་སྔོན་ནས་བཟུང་ད་ལྟ་བར་ཡོངས་སུ་ནུབ་ཡོད། འདིར་ང་ཚོ་ཀུང་སིའི་ལོ་མང་རིང་རིག་གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་ཞིབ་འཇུག་བྱས་པ་བརྒྱུད་ད་ལྟ་མི་ཉམས་གོང་འཕེལ་དུ་གཏོང་བཞིན་ཡོད། 


རྩོམ་ཡིག་སྔོན་མ།
༄༅།། རིན་ཆེན་སྒྲོལ་མ།
རྩོམ་ཡིག་རྗེས་མ།
༄༅།། སྟག་ཚང་ལྷ་མོ་དགོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1