ལི་ཁེ་ཆང་གིས་ལྷོ་ཁོ་རེ་ཡའི་རྒྱལ་སྲིད་ཙུང་ལི་ཧོང་ཅའོ་ཨན་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-29


    སྤྱི་ཟླ་6པའི་ཚེས་28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་2016ལོའི་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པའི་ལྷོ་ཁོ་རེ་ཡའི་རྒྱལ་སྲིད་ཙུང་ལི་ཧོང་ཅའོ་ཨན་དང་གྲོས་མོལ་མཛད། 
    ལི་ཁེ་ཆང་གིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་་པར་མ་ཟད་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཡིན། ཀྲུང་གོ་ཕྱོགས་ནས་ལྷོ་ཁོ་རེ་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏང་བར་ཚད་མཐོ་བའི་མཐོང་ཆེན་གནང་བཞིན་ཡོད། ལྷོ་ཁོ་རེ་ཡ་དང་མཉམ་དུ་ཆབ་སྲིད་ཡོད་ཆེས་སྲ་བརྟན་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། དངོས་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་བརྗེ་རེས་ཇེ་མང་དུ་གཏོང་བ། དེ་མིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་བདེ་ཐང་བརྟན་བརླིང་ངང་འཕེལ་རྒྱས་སུ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན།
    ཧོང་ཅོའོ་ཨན་གྱིས་ལྷོ་ཁོ་རེ་ཡ་ཕྱོགས་ནས་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་ལ། སང་ལོའི་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་25ལོན་པའི་གོ་སྐབས་དང་བསྟུན་ནས་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་ཀྱི་མཛའ་མཐུན་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་འདོད་ཅེ་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1