སི་ཁྲོན་ཞིང་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95འཁོར་པའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུ་འཚོགས་བྱས་ཡོད་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-01


    སྤྱི་ཟླ་6པའི་ཚེས30ཉིན་གྱི་སྔ་དྲོར།སི་ཁྲོན་ཞིང་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པའི་ཚོགས་ཆེན་ཏེ་ཁྲེན་ཏུའུ་རུ་གཟབ་རྒྱས་ངང་བསྡུ་འཚོགས་བྱས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།ནུབ་ཕྱོགས་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཀྲུའུ་ཧྥོས་ཤེས་དང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལའུ་ཀོ་ཀྲུང་།ནུབ་ཕྱོགས་འཐབ་ཁུལ་གྱི་དམག་དཔོན་གཞོན་པ་ཀྲན་ཧོས་ཧྲིན་བཅས་ཚོགས་འདུར་ཞུགས་ཤིང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱིན་ལིས་ཚོགས་འདུར་གཙོ་སྐྱོང་གནང་།
    ཝང་ཏུང་མིང་གིས་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་མོའི་ངང་འཁུར་དགོས་ལ།མཐའ་གཅིག་དུ་ཏང་ནན་སྐྱོང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡོང་བར་བྱ་དགོས།གོམ་གང་མདུན་སྤོས་ཀྱིས་དངོས་སྒྲུབ་གོང་བཀུར་གྱི་འཇོན་མི་སྤྱོད་དགོས་པ་སྟེ།བསམ་ཕོད་པ་དང་།སྒྲུབ་ཐུབ་པ། སྒྲུབ་ཤེས་པ།བྱ་བ་སྒྲུབ་ན་ནན་ཏན་ཡིན་པའི་ཏང་ཡོན་ལས་བྱེད་པ་བདམས་སྟེ། གྲོང་ཁྱེར་དང་རྫོང་། ཡུལ་ཤོག་ཁག་གིས་འགོ་ཁྲིད་ཚན་པ་བརྗེ་བའི་ལས་ཀ་ཁག་དམ་འཛིན་བྱེད་དགོས། འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་ཀ་དམ་པོ་བྱས་ནས།ཏང་ཡོན་ཚད་ལྡན་ཞིག་དང་ལས་ཀ་གདོང་ལེན་བྱ་རྒྱུ་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་ནན་གསུངས་གནང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1