རྔ་བ་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 07-04


      ཉེ་ཆར། ཀྲུང་གུང་རྔ་བ་ཁུལ་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འབར་ཁམས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་དང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། རྔ་བ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་། རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝུའུ་ཙེ་ཀང་སོགས་འགོ་ཁྲིད་བློ་མཐུན་རྣམས་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ་རྔ་བ་ཁུལ་ཨུའི་ཧྲའུ་ཅི་ལིའུ་ཙུའོ་མིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། དེ་མིན་ཕུལ་བྱུང་ཏང་ཡོན་དང་། སྔོན་ཐོན་མི་སྒེར། སྔོན་ཐོན་རྩ་འཛུགས་སོགས་ལ་གཟེངས་བསྟོད་བྱས། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1