ལོ་སྟོད་དུ་རྔ་བ་བོད་ཁུལ་གྱི་དམངས་འཚོའི་ལས་གཞིའི་རྣམ་གྲངས་ཁག་དྲུག་ལ་མ་དངུལ་སྒོར་དུང་ཕྱུར་12.40འབྱོར་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། ཚེ་བརྟན་སྒྲོལ་མས་བསྒྱུར། སྤེལ་དུས། 07-06


        《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་2016ལོའི་བོད་ཁུལ་གྱི་དམངས་འཚོའི་ལས་གཞི་ཁག་དྲུག་གི་འཆར་གཞི་སྟེ་“1+6”ཡི་ལས་ཀའི་ཇུས་གཞི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱེད་རྒྱུའི་སྐོར་གྱི་བརྡ་སྦྱོར།》གྱི་དགོངས་དོན་གཞིར་བཟུང་ནས། རྔ་བ་ཁུལ་གྱིས་དོན་དངོས་ཐད་ནས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་ཁག་དང་འབྲེལ་མཐུད་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བྱས་ཤིང་། དུས་ཐོག་ཏུ་ལག་བསྟར་ཇུས་འགོད་བཟོ་བ་དང་། ཧུར་ཐག་གིས་ལས་ཀའི་བྱ་ཐབས་གསར་གཏོད་བྱས་པ། སྡེ་ཚན་ཁག་གི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོའི་ལས་གཞི་ཁག་དྲུག་ལག་བསྟར་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་བ་རེད། ལོ་སྟོད་དུ་ཁུལ་ཡོངས་ཀྱི་དམངས་འཚོའི་ལས་གཞི་ཁག་དྲུག་ལ་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་12.40འབྱོར་ཞིང་། མ་དངུལ་འབྱོར་ཚད56.5ཟིན་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1