2016ལོའི་ཀྲུང་གོའི་དེང་རབས་སྙན་ངག་བགྲོ་གླེང་ཀན་ལྷོ་རུ་ཚོགས་འགོ་ཚུགས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-06


        སྤྱི་ཟླ་7པའི་ཚེས་4ཉིན་གྱི་སྔ་དྲོར། ཀྲུང་གོའི་རྩོམ་རིག་མཐུན་ཚོགས་དང་སྙན་ངག་དུས་དེབ་ཁང་གིས་གཙོ་སྒྲུབ་དང་། ཀན་ལྷོ་ཁུལ་རིག་རྩལ་མཐུན་ཚོགས། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས་འགན་སྒྲུབ་བྱས་པའི་སྙན་ངག་མཐོང་ཚོར་ཁྲོད་ཀྱི་ས་ཁོངས་རང་བཞིན་གྱི་རྩོམ་འབྲི་ལས་ཀན་ལྷོའི་སྙན་ངག་སྣང་ཚུལ་ལ་དབྱེ་ཞིབ་བྱེད་པ་ཞེས་པའི་2016ལོའི་ཀྲུང་གོའི་དེབ་རབས་སྙན་ངག་གླེང་སྟེགས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོ་གྲོང་ཁྱེར་དུ་ཚོགས་འགོ་ཚུགས། ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པ་པོ་ལའེ་ཕིང་དབྱང་དང་ལི་ཡོན་ཧྲེང་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་15ནས་ཕེབས་པའི་སྙན་ངག་པ་གྲགས་ཅན་དང་གདན་ཞུའི་སྐུ་མགྲོན། གྲོས་ཚོགས་ཀྱི་འཐུས་མི་དང་ཀན་ལྷོ་ཁུལ་གྱི་ས་གནས་རང་གི་སྙན་ངག་པ་མི་100ཡས་མས་བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས།

        སྙན་ངག་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ། སྙན་ངག་པ་ལི་ཧྲའོ་ཅིན་གྱིས་བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་།

        འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས། གྲོས་ཞུགས་མི་སྣ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་ཕེབས་ཏེ་སློབ་རའི་རིག་གནས་འཛུགས་སྐྲུན་དང་ཐང་ག་འགྲེམ་སྟོན་སོགས་ལ་ལྟ་སྐོར་གནང་། ཕྱི་དྲོར། གྲོས་ཞུགས་མི་སྣས་གླེང་མོལ་བྱས་ཏེ་ཀྲུང་གོའི་དེང་རབས་རྒྱ་ཡིག་སྙན་ངག་དང་ཀན་ལྷོའི་རྩོམ་རིག་གི་འཕེལ་རྒྱས་དང་དར་འབྱོར་ལ་ཐབས་འདོན་ཇུས་འབུལ་བྱས།

        དེ་རྗེས་ཀྱི་ཉིན་གཉིས་ནང་། གྲོས་ཚོགས་སུ་ཞུགས་པའི་སྙན་ངག་པ་དག་བསང་ཆུ་དང་ཀླུ་ཆུ། རྨ་ཆུ། ཐེ་བོ་སོགས་སུ་ཕེབས་ཏེ་ཡུལ་ལྗོངས་པར་ལེན་དང་། ཀན་ལྷོའི་བོད་ཁུལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་གོམས་གཤིས་ལ་རོལ་མྱོང་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1