ཞི་ཅིན་ཕིང་གིས་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་སོ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-06


        སྤྱི་ཟླ་7པའི་ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ས་སོ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཀྲུང་གོ་དང་ཁོང་གོའི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་མཛའ་མཐུན་འབྲེལ་བར་འཕེལ་བར་ཐག་གཅོད་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོན་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བྱེད་པ་གོ་སྐབས་སུ་དམིགས་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་སྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་མི་མི་དམངས་ལ་སྔར་ལས་ལེགས་པའི་སྒོ་ནས་བདེ་སྐྱིད་བསྐྲུན་པར་ཐག་གཅོད་གནང་། 
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོང་གོ་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་ངོ་52འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ལྷག་བསམ་རྣམ་དག་དང་འདྲ་མཉམ་གྱི་འདུ་ཤེས་བཟུང་ཞིང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་གྱི་ཐད་ནས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཁོང་གོའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་མགྱོགས་ཤིང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟབ་བའི་གྲུབ་འབྲས་ཐོབ་ཅེས་བསྟན།
        ས་སོ་ཡིས་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གོ་ཕྱོགས་ནས་ཁོང་གོ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་འཛུགས་པ་གོ་སྐབས་སུ་དམིགས་ཏེ་གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་གཉིས་དང་དེ་མིན་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏང་འདོད་པར་མ་ཟད། ཁོང་གོའི་ཕྱོགས་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་དང་ཐོན་ནུས། བཟོ་ཚོང་། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལ་ཤུགས་སྣོན་བྱ་འདོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཁོང་གོ་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1