ཨི་ཐ་ལིའི་ལྷོ་རྒྱུད་དུ་མེ་འཁོར་གཉིས་གདོང་ཐུག་བརྒྱབ་ནས་མ་མཐའ་ཡང་མི་20རྐྱེན་ལམ་དུ་ཤོར།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-13


  སྤྱི་ཟླ་7པའི་ཚེས་12ཉིན། མེ་འཁོར་གཉིས་ཨི་ཐ་ལིའི་ལྷོ་རྒྱུད་ཀྱི་ཕུའུ་ལི་ཡ་ཁུལ་དུ་གདོང་ཐུག་བརྒྱབ་ནས་མ་མཐའ་ཡང་མི་20རྐྱེན་ལམ་དུ་ཤོར་ཤིང་མི་མང་པོར་རྨས་སྐྱོན་ཕོག

  ཨན་ཧྭ་གསར་འགྱུར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། དོན་རྐྱེན་བྱུང་བའི་ཕུའུ་ལི་ཡ་ཁུལ་པ་ལི་བྱང་རྒྱུད་ཀྱི་ལྕགས་ལམ་སྟེང་། མེ་འཁོར་གཉིས་ཨན་ཏེ་ལི་ཡ་ནས་ཁོ་ལ་ཐུའོ་གྲོང་ཁྱེར་ཆུང་ཆུང་གཉིས་བར་ལྕགས་ལམ་བརྒྱུད་དེ་འགྲོ་སྐབས་གདོང་ཐུག་བརྒྱབ་པ་རེད། ། 

                


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1