དབྱིན་ལི་ཡིས་ཧྲང་ཧེ་བཟོ་སྐྲུན་ཚོགས་པའི་འགོ་འཛིན་པ་ཞུས་ཀྲེང་ལ་མཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-14


སྤྱི་ཟླ་7པའི་ཚེས་13ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་དཔོན་དབྱི་ལིས་ཁྲེན་ཏུའུ་ནས་ཧྲང་ཧེ་རྩིག་ལས་བཟོ་སྐྲུན་ཚོགས་པ་ཡི་འགོ་འཛིན་ཞུས་ཀྲེང་དང་ལྷན་ཕེབས་རྣམས་ལ་མཇལ་འཕྲད་གནང་།

དབྱི་ལི་ཡི་སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་སི་ཁྲོན་ནི་བཟོ་ལས་ཅན་དང་གྲོང་རྡལ་ཅན་དུ་འགྱུར་བའི་དུས་སྐབས་སུ་གནས་པས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་ཤིན་ཏུ་མགྱོགས་པ་དང་། ཧྲང་ཧེ་བཟོ་སྐྲུན་ཚོགས་པས་སི་ཁྲོན་དུ་གོ་གནས་མི་དམན་པ་བཟུང་ཡོད་། ཧྲང་ཧེ་ཡི་བཟོ་སྐྲུན་ཚོགས་པ་སི་ཁྲོན་གྱི་འཛུགས་སྐྲུན་ཁྲོད་དུ་ཞུགས་པར་དགའ་བསུ་ཞུས་བ་དང་། རྣམ་གྲངས་རྒྱ་ཇེ་ཆེ་དང་མ་དངུལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། སི་ཁྲོན་དང་མཉམ་དུ་རྒྱལ་ཁབ་ཀྱི་ནུབ་རྒྱུད་འཕེལ་རྒྱས་སུ་གཏང་བའི་གོ་སྐབས་མཉམ་སྤྱོད་བྱེད་པ། སི་ཁྲོན་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་། སྤུས་ལེགས་ཀྱི་ཞབས་ཞུ་ཞིག་མཁོ་འདོན་བྱས་ནས། ཁེ་ལས་དེ་སི་ཁྲོན་ནས་འཕེལ་རྒྱས་འགྲོ་བ་ལ་འགན་ལེན་བྱེ་དགོས་ཞེས་བསྟན།

ཞུས་ཀྲེང་གིས་སི་ཁྲོན་འཕེལ་རྒྱས་སུ་ཕྱིན་པའི་མདུན་ལྗོངས་ཤིན་དུ་རྒྱ་ཆེ་བ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་ཚད་ལྡན་དང་ནུས་ལྡན་གྱི་སྒོ་ནས་བྱ་བ་སྒྲུབ་པ་དེས་མི་རྣམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་རེད། ཧྲང་ཧེ་ཡི་བཟོ་སྐྲུན་མཐུན་ཚོགས་ཀྱིས་མུ་མཐུད་དུ་་སི་ཁྲོན་དུ་མ་དངུལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། མ་འོངས་བར་ཁ་ཕྱོགས་ཡོངས་ནས་སི་ཁྲོན་འཛུགས་སྐྲུན་གྱི་ཁྲོད་དུ་ཞུགས་པ་དང་། སི་ཁྲོན་འཕེལ་རྒྱས་གཏང་བ། སི་ཁྲོན་གྱི་གོ་སྐབས་མཉམ་སྤྱོད་བྱེད་པ་བཅས་ལ་རེ་སྒུག་བྱས་ཡོད་ཅེས་བསྟན།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1