བོད་རྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྲུན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-15


   སྤྱི་ཟླ་7པའི་ཚེས་14ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་ཚན་ཆུང་གི་མི་སྣ་རྣམས་སི་ཁྲོན་དུ་ཕེབས་ནས། རང་རེའི་ཞིང་ཆེན་གྱི་བོད་རྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཞིབ་འཇུག་གནང་བར་མ་ཟད། ཞིང་ཆེན་སྲིད་གྲོས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲུའུ་ཝེ་ཆུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་། 
      ཚོགས་འདུའི་ཐོག་ཏུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣའི་རང་རེའི་ཞིང་ཆེན་གྱི་བོད་རྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་ལས་ཀའི་བྱེད་ཐབས། ཉམས་མྱོང་། མིག་སྔར་འཕྲད་པའི་གནད་དོན་དང་དེ་མིན་རྗེས་མའི་འཆར་གཞི་བཅས་ཀྱི་ཐད་ནས་སྙན་ཞུ་ཕུལ། 
        ཀྲུའུ་ཝེ་ཆུན་གྱིས་རང་རེའི་ཞིང་ཆེན་གྱི་བོད་རྒྱུད་ནང་བསྟན་དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྲུན་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་སི་ཁྲོན་གྱིས་ཧུར་ཐག་གིས་དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་དང་ཧུར་ཐག་གིས་བོད་རྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཏེ། ནུས་ལྡན་གྱི་སྒོ་ནས་བོད་ཁུལ་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་བ་རེད་ཞེས་བསྟན། ཀྲུའུ་ཝེ་ཆུན་གྱིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་ཀའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་ཁག་ལག་བསྟན་དོན་འཁྱོལ་ཡོང་བ་བྱ་དགོས་པ་དང་། ལྷག་པར་དུ་རྒྱལ་ཁབ་སྐྱོང་ན་ངེས་པར་དུ་མཐའ་མཚམས་བསྐྱང་དགོས་པ་དང་། མཐའ་མཚམས་བསྐྱང་ན་སྔོན་ལ་བོད་ཁུལ་བརྟན་བརླིང་ཡོང་བར་བྱ་དགོས་པའི་གལ་ཆེའི་འཐབ་ཇུས་བསམ་བློས་བོད་རྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ཕན་ནུས་འདོན་སྤེལ་བྱ་དགོས། དེ་མིན་གོམ་གང་མདུན་སྤོས་སྒོས་ཉམས་མྱོང་ཕྱོགས་བསྡོམས་དང་ལས་ཀ་འཐུས་ཚང་སུ་བཏང་ནས། སློབ་གསོ་དང་དོ་དམ། ཞབས་ཞུ་བཅས་ལ་ཤུགས་སྣོན་དང་། གཙོ་གནད་དམ་འཛིན་བྱེད་པར་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཧུར་ཐག་གིས་གྲྭ་བཙུན་རྣམས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས་བཅས་ཆགས་པར་བྱས་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་ཡོང་བར་བྱེདགོས་པ་བཅས་ནན་གྱིས་བསྟན།།  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1