སྐབས་དང་པོའི་སྐུ་བརྙན་སྒྱུ་རྩལ་འགྲེམ་ཚོགས་དེ་ཚེས་15ཉིན་བོད་རང་སྐྱོང་ལྗོངས་ཀྱི་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམ་སྟོན་བྱ་རྒྱུ་རེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 07-15


     གསར་འགོད་པས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་རྒྱུས་ལོན་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་སྒྲུབ་དང་། ཐིང་རིག་གནས་ཐོན་ལས་ཁྲུའུ་དང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་(ཆུས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས།)གིས་མཉམ་དུ་འགན་སྒྲུབ་བྱས་པའི་སྐབས་དང་པོའི་བོད་ལྗོངས་སྐུ་བརྙན་སྒྱུ་རྩལ་འགྲེམ་ཚོགས་དེ་སྤྱི་ཟླ་7པའི་ཚེས་15ཉིན་འགྲེམ་རྒྱུ་རེད།

    ཚེས་14ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་སྐུ་བརྙན་ལག་རྩལ་མཁས་པ་རྣམས་ཀྱིས་འབུར་བརྐོས་དང་འཇིམ་སྐུ་སོགས་སོ་སོའི་བརྩམས་ཆོས་འགྲེམ་བཞིན་པ་མཐོང་། ཐེངས་འདིའི་སྐུ་བརྙན་འགྲེམ་ཚོགས་ནི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་སྐུ་བརྙན་སྒྱུ་རྩལ་འགྲེམ་ཚོགས་ཏེ། ཉིན་20རིང་ལ་འཚོལ་སྡུད་བྱས་པ་བརྒྱུད་ང་ཚོས་ལྗོངས་ཡོངས་ཀྱི་རིག་གནས་སྡེ་ཁག རིག་གནས་ཁེ་ལས། ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་མི་སྒེར་གྱི་ལས་གཉེར་ཁང་སོགས་སྐུ་བརྙན་ལག་རྩལ་མཁས་པ་མི་50ཡས་མས་ཀྱི་བསྡོམས་པས་བརྩམས་ཆོས་100ལྷག་འགྲེམ་ཚོགས་སུ་ཞུགས་རྒྱུ་རེད། འགྲེམ་ཚོགས་དེ་ཚེས་15ཉིན་འགོ་ཚུགས་ཤིང་ཚེས་19བར་སྤེལ་རྒྱུ་ཡིན་ཞེས་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ། ལྗོངས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ངག་དབང་བསྟན་འཛིན་གྱིས་དེ་ལྟར་མཚམས་སྦྱོར་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1